R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༨༠ན
[A:༢༨༠ན]མུས་ཆེན་བསོད་ནམས་དབང་ཕྱུག །ས་སྐྱ་པ་འཇམ་མགོན་ཀུན་དགའ་རྒྱལ་མཚན། བྱམས་པ་ཀུན་དགའ་བསྟན་འཛིན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དྲྭ་སྒང་རྡོར་འཛིན་ནུབ་བླ་མ་དཔལ་ལྡན་འཇམ་དབྱངས། མཁྱེན་སྤྲུལ་རྡོ་རྗེ་འཆང་འཇམ་དབྱངས་ཆོས་ཀྱི་བློ་གྲོས། དེས་ཁོ་བོ་འཁོན་རིགས་པར་བཀའ་དྲིན་དུ་བསྩལ། གཞན་ཡང་བརྒྱུད་པའི་ཁྱད་པར་མི་འདྲ་བ་མང་དུ་ཡོད་པ་རྒྱུད་བཏུས་བརྒྱུད་ཡིག་ལྟར་དང་། བཀའ་བབས་གཉིས་པ་མར་དོ་ལུགས་དང་། གསུམ་པ་ཇོ་ལུགས། བཞི་པ་ཁ་ཆེ་པཎ་ཆེན་ལུགས་སོགས་བཀའ་བབས་ཕྱི་མ་རྣམས་ཀྱང་བརྒྱུད་པ་གོང་མ་རྣམས་མི་འདྲ་ཡང་། འོག་མ་གཅིག་འདྲེས་སུ་སོང་བས་ད་ལྟའི་དབང་རྒྱུན་འདི་ལ་བཀའ་བབས་དགུ་ཆའི་བརྒྱུད་པ་གཅིག་འདུས་སུ་ཡོད་ཤེས་པར་བྱ། ༈ གྲུབ་ཆེན་ནག་པོ་སྤྱོད་པས་རྩ་བརྒྱུད་ཀྱི་ཟབ་དོན་སྦྱང་གཞི་མངལ་སྐྱེས་སྦྱོང་བྱེད་དུ་བཀྲལ་བའི་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་ངག་དབང་ལེགས་གྲུབ་ཀྱི་སྒྲུབ་དཀྱིལ་དང་། སངས་ཕུན་ཀྱི་