R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༧༩བ
[A:༢༧༩བ]སྐུ་མཆེད། ཆོས་རྗེ་ཁུ་དབོན། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། བླ་མ་དམ་པ། རི་ཁྲོད་པ་བློ་གྲོས་བརྟན་པ། དེ་གཉིས་ཀ་ལས་བླ་མ་དཔལ་ལྡན་ཚུལ་ཁྲིམས། དེ་ནས་ཤར་ཆེན་ཡེ་རྒྱན། ངོར་ཆེན་ཀུན་བཟང་། མུས་ཆེན་དཀོན་རྒྱམ། དེས་ཀུན་མཁྱེན་བསོད་ནམས་སེང་གེ་དང་། གྲུབ་ཆེན་དཀོན་མཆོག་བློ་གྲོས་གཉིས། དེ་གསུམ་གས་མུས་ཆེན་སངས་རྒྱས་རིན་ཆེན། དེས་འཇམ་དབྱངས་ས་ལོ། དེ་གཉིས་ཀས་ངོར་ཆེན་དཀོན་མཆོག་ལྷུན་གྲུབ། དེས་ཤར་ཁང་པ་ཤེས་རབ་རྒྱལ་མཚན། ཐར་རྩེ་ནམ་མཁའ་དཔལ་བཟང་། དེས་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། དེ་གཉིས་ཀས་ནམ་མཁའ་སངས་རྒྱས། དེས་ཤེར་རབ་འབྱུང་གནས། ཕྱི་མ་གཉིས་ཀས་དམ་ཆོས་བསམ་གྲུབ། དེ་ནས་མཁན་ཆེན་སངས་རྒྱས་ཕུན་ཚོགས། བཀྲ་ཤིས་ལྷུན་གྲུབ། སངས་རྒྱས་དཔལ་བཟང་། འཇམ་དབྱངས་སངས་རྒྱས་ཡེ་ཤེས། ས་ཆེན་ཀུན་དགའ་བློ་གྲོས། ཞལ་དཀར་བ་ངག་དབང་ཤེས་རབ། ཆོས་རྗེ་རིན་ཆེན་གྲགས་པ། རྗེ་དཔལ་ལྡན་གྲགས་པ།