[A:༢༨༤ན]རིག་ཉི་མ། འཇམ་མགོན་ལེགས་པ་རིན་པོ་ཆེ། འཇམ་དབྱངས་ཆོས་རྗེ། དེས་ཁོ་བོ་ལའོ། །
གཞན་ཡང་བརྒྱུད་པ་མི་འདྲ་ཅུང་ཟད་ཡོད་པ་རྒྱུད་བཏུས་བརྒྱུད་ཡིག་ལྟར་དང་། གཉིས་པ་དཔྱལ་ལུགས་ཀྱི་བརྒྱུད་པ་དང་། གསུམ་པ་དཱ་ན་ཤཱི་ལའི་ལུགས་ཀྱི་བརྒྱུད་པ་ཡང་གོང་མ་རྣམས་དང་མི་འདྲ་ཡང་། འོག་ཏུ་དབང་རྒྱུན་གཅིག་ཏུ་འདུས་པ་གོང་བདེ་མཆོག་ལ་སོགས་པ་བཞིན་ནོ། །
༈ གཉིས་པ་གཤིན་རྗེའི་གཤེད་ནག་པོའི་སྐོར་ལ་དགྲ་གདོང་འཇིགས་གསུམ་ལས། གསུམ་པའི་ནང་ཚན་གྲུབ་ཆེན་ལ་ལི་ཏས་བཀྲལ་བའི་དཔལ་རྡོ་རྗེ་འཇིགས་བྱེད་རྭ་ལུགས་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དུ་ཀུན་བློའི་སྒྲུབ་དཀྱིལ་དང་ཞུ་ཆེན་མཚམས་སྦྱོར་སོགས་ཀྱི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཇིགས་བྱེད། རྡོ་རྗེ་རོ་ལངས་མ། གྲུབ་ཆེན་ལ་ལི་ཏ་བཛྲ། རྡོ་རྗེ་གདན་པ་ཨ་མོ་གྷ་བཛྲ། པཎ་གྲུབ་ཡེ་ཤེས་འབྱུང་གནས་སྦས་པ། གྲུབ་ཆེན་པདྨ་བཛྲ། བལ་པོ་བྷ་རོ་ཕྱག་སྡུམ། རྭ་ཆེན་ལོ་ཙཱ་བ་རྡོ་རྗེ་གྲགས་པ། རྭ་ལོ་ཙཱ་