R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༨༣བ
[A:༢༨༣བ]རྒྱལ་མཚན། དེ་གཉིས་ཀས་རྒྱལ་ཚབ་ཀུན་དགའ་དབང་ཕྱུག་དང་། ཀུན་མཁྱེན་བསོད་ནམས་སེང་གེ་གཉིས། གཉིས་ཀས་དཀོན་མཆོག་འཕེལ། ལྷ་མཆོག་སེང་གེ །དེས་སངས་རྒྱས་སེང་གེ་དང་། ཤར་ཁང་པ་གཉིས། གཉིས་ཀས་ཐར་པཎ་ནམ་མཁའ་དཔལ་བཟང་། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ཀུན་དགའ་ལེགས་འབྱུང་། ས་ཆེན་ཀུན་དགའ་བློ་གྲོས། དེས་བྱམས་པ་ནམ་མཁའ་འཆི་མེད། ཀུན་དགའ་མཁས་གྲུབ་དབང་པོ་གཉིས། གཉིས་ཀས་བྱམས་པ་ཀུན་དགའ་བསྟན་འཛིན། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། དཔལ་ལྡན་བློ་གྲོས་རྒྱལ་མཚན། འཇམ་དབྱངས་བློ་གཏེར་དབང་པོ། ཞབས་དྲུང་བྱམས་པ་ཀུན་བཟང་བསྟན་པའི་ཉི་མ། འཇམ་མགོན་ཆོས་རྗེ། དེས་བདག་ལའོ། ། ཡང་ན། ཀུན་དགའ་བསྟན་འཛིན་ནས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། བློ་གཏེར་ཞབས་མན་གོང་བཞིན་ནོ། །ཡང་ན། མཁྱེན་བརྩེ་ནས། སྡེ་གཞུང་སྙན་གྲགས་ལུང་