R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༨༥ན
[A:༢༨༥ན]མཁྱེན་བརྩེའི་དབང་པོ། འཇམ་དབྱངས་བློ་གཏེར་དབང་པོ། བྲག་རི་རྡོ་རྗེ་འཆང་། རྗེ་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས། དེས་ཁོ་བོ་ཨཱ་ཡུ་ལའོ། ། ཡང་ན། ཀུན་དགའ་ལེགས་འབྱུང་ནས། ས་ཆེན་ཀུན་བློ། ཀུན་དགའ་མཁས་གྲུབ་དབང་པོ། བྱམས་པ་ཀུན་དགའ་བསྟན་འཛིན། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། མཁན་ཆེན་དཔལ་ལྡན་བློ་གྲོས་རྒྱལ་མཚན། འཇམ་དབྱངས་བློ་གཏེར་དབང་པོ། ཐར་རྩེ་ཞབས་དྲུང་བྱམས་པ་ཀུན་བཟང་བསྟན་པའི་ཉི་མ། རྗེ་རྡོ་རྗེ་འཆང་འཇམ་མགོན་ཆོས་ཀྱི་བློ་གྲོས། དེས་བདག་འཁོན་རིགས་པ་ལའོ། ། ཡང་ན། མཁྱེན་བརྩེའི་དབང་པོ་ནས། བྲག་གཡབས་གདོང་ཀཾ་ཁྲི་རིན་པོ་ཆེ་ངག་དབང་དམ་ཆོས་རྒྱ་མཚོ། འཇམ་མགོན་ངག་དབང་ལེགས་པ། འཇམ་མགོན་ཆོས་རྗེ། དེས་སོ། ། ཡང་ན། མུས་ཆེན་ཆོས་ཉིད་ཡེ་ཤེས་ནས། སྐྱོ་མདའ་བསོད་ནམས་དབང་ཕྱུག ། ངོར་ཡོངས་འཛིན་མཁན་པོ་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན། དགེ་འདུན་རྒྱ་མཚོ། སྐྱེ་རྒུ་གྲུབ་དབང་