[A:༢༨༥བ]ཀུན་དགའ་དཔལ་འབྱོར། འཇིགས་བྱེད་གྲུབ་དབང་སྐྱེ་རྒུ་ཉི་མ་ཆོས་འཕེལ། འཇིགས་བྱེད་བསྙེན་ཆེན་ལྔ་བཅུ་སྐོར་ཐེམས་ཤིང་གྲུབ་པ་བརྙེས་པ་བསྟན་འཛིན་བློ་གྲོས། འཇམ་དཔལ་ཁྲོས་པ་ངག་དབང་ལེགས་པ། མ་ཧེའི་ཞལ་ཅན་འཇམ་དབྱངས་ཆོས་ཀྱི་བློ་གྲོས། དེ་ལས་ཁོ་བོས་བཀའ་དྲིན་དུ་ནོས་པའོ། །
༈ སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་ཚར་ལུགས་ཐུན་མིན་གྱི་རྗེས་གནང་། ས་སྐྱ་པ་རྡོ་རྗེ་རིན་ཆེན། བྱམས་པ་ཀུན་དགའ་བསྟན་འཛིན། ཞྭ་ལུ་བློ་གསལ་བསྟན་སྐྱོང་། འཇམ་མགོན་ངག་དབང་ལེགས་གྲུབ་རྣམས་ལས་མཁྱེན་བརྩེ་རིན་པོ་ཆེས་གསན་པ་ཡན་སྒྲུབ་བཏུས་བརྒྱུད་ཡིག་བཞིན་དང་། དེ་ནས། འཇམ་དབྱངས་བློ་གཏེར་དབང་པོ། ངག་དབང་བསམ་གཏན་བློ་གྲོས། མཁྱེན་སྤྲུལ་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས། དེས་བདག་ས་སྐྱ་པ་ངག་དབང་ཐེག་ཆེན་དཔལ་འབར་ལ་བསྩལ་བའོ། །
ཡང་ན། རྗེ་མཁྱེན་བརྩེ་ནས། མངའ་རིས་ཀུན་དགའ་འཇམ་དབྱངས། འཇམ་མགོན་ངག་དབང་ལེགས་པ། འཇམ་དབྱངས་