R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༨༦བ
[A:༢༨༦བ]དྲིན་མཚུངས་མེད་འཇམ་མགོན་ཆོས་ཀྱི་བློ་གྲོས། དེ་ལས་ཁོ་བོས་བཀའ་དྲིན་ནོས། ཡང་ན། མཁྱེན་ཀོང་གཉིས་ཀ་ལས། འཇམ་མགོན་ལེགས་པ་རིན་པོ་ཆེ། དེ་ནས་འཇམ་མགོན་ཆོས་རྗེ། དེ་ལས་ཁོ་བོས་བཀའ་དྲིན་ནོས་པའོ། ། ༈ ཐང་རྒྱལ་ཚེ་སྒྲུབ་འཆི་མེད་དཔལ་སྟེར་ཡང་དེ་དང་འདྲ། དེ་དག་གི་བརྒྱུད་པ་མཁྱེན་བརྩེ་ཡན་སྒྲུབ་བཏུས་བརྒྱུད་ཡིག་གོང་དུ་བཀོད་པ་ཇི་ལྟ་བ་བཞིན་ནོ། ། ༈ གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཀྱེ་རྡོར་མན་ངག་ལུགས་ཀྱི་རྒྱུ་དབང་ནི། ཐར་རྩེ་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། མཁན་ཆེན་འཇམ་དབྱངས་རིན་ཆེན་རྡོ་རྗེ། ངག་དབང་བློ་གྲོས་སྙིང་པོ། དེ་གཉིས་ཀ་ལས་འཇམ་མགོན་ངག་དབང་ལེགས་པ། དེ་ལས་འཇམ་མགོན་ཆོས་ཀྱི་བློ་གྲོས། དེ་ལས་ནོས། ཡང་རྩིས་ཤིན་ཏུ་ཆེ་བའི་བརྒྱུད་པ་ནི། ཐར་རྩེ་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། མཁྱེན་བརྩེ་རིན་པོ་ཆེ། དཔལ་ལྡན་བློ་གྲོས་རྒྱལ་མཚན། དེ་གསུམ་ག་ལས་རྡོ་རྗེ་འཆང་འཇམ་དབྱངས་བློ་གཏེར་དབང་པོ། དེ་ལས་རྡོ་རྗེ་འཆང་འཇམ་མགོན་ཆོས་ཀྱི་བློ་