R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༨༧ན
[A:༢༨༧ན]གྲོས། དེ་ལས་བཀའ་དྲིན་གྱི་སྙིང་པོར་ནོས་པའོ། ། ལམ་དབང་ནི། བརྒྱུད་པ་དང་པོ་ལྟར་དང་། གཞན་ཡང་། འཇམ་དབྱངས་བློ་གཏེར་དབང་པོ་ལས། བྲག་རི་རྡོ་རྗེ་འཆང་། ངག་དབང་བསམ་གཏན་བློ་གྲོས། འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་གསུམ་གས་གསན། དེ་གསུམ་ག་ལས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་གསན། དེ་ལས་བདག་གིས་སོ། ། ཡང་གཟིམས་འོག་མཆོག་སྤྲུལ་བྱམས་པ་ཀུན་དགའ་བསྟན་འཛིན་ལས། འཇམ་མགོན་རིན་པོ་ཆེས་རྒྱུ་ལམ་གྱི་དབང་གཉིས་ཀ་གསན་པ་སྐྱབས་མགོན་དྲག་ཤུལ་རྡོ་རྗེ་འཆང་། བཅོ་བརྒྱད་རིན་པོ་ཆེ། རིན་ཆེན་མཁྱེན་བརྩེའི་དབང་པོའི་བརྒྱུད་པ་ཡིན་འདུག་པ་ལྟར་དང་། ཡང་ན། མཁྱེན་བརྩེ། ཀོང་སྤྲུལ། མཁན་ཆེན་བཀྲ་ཤིས་འོད་ཟེར། ཞེ་ཆེན་པདྨ་བི་ཛ། འཇམ་དབྱངས་ཆོས་ཀྱི་བློ་གྲོས། དེ་ལས་ཁོ་བོས་སོ། །གཞན་ཡང་རྒྱུ་ལམ་གྱི་དབང་གི་བརྒྱུད་པ་ཅུང་མི་འདྲ་བ་ཁ་ཤས་ཡོད་གསུངས། ༒ ་ ཀུན་མཁྱེན་ཆེན་པོ་རིག་