[A:༢༨༧བ]འཛིན་འཇིགས་མེད་གླིང་པའི་དགོངས་གཏེར་ཀློང་ཆེན་སྙིང་ཐིག་གི་ཞི་ཁྲོ་ངན་སོང་སྦྱོང་བའི་སྟ་གོན་སྔོན་དུ་འགྲོ་བས། དེའི་དངོས་གཞི་དང་། རིག་འདུས་ཀྱི་རྩ་དབང་རྒྱས་པ་རྡོ་གྲུབ་ལྗགས་བསྒྲིགས་སྟེང་ནས་དབང་བཞི། ལྷ་དབང་། གཏོར་དབང་། མཐའ་རྟེན་བཅས་དང་། རིག་འདུས་ཚེ་དབང་། དཔལ་ཆེན་འདུས་པ་ལ་ཞི་ཁྲོའི་སྟ་གོན་སྦྱར་ཏེ། དངོས་གཞི་བདག་འཇུག་དབང་དོན་རྒྱ་མཚོ་ལྟར་དང་། གཤིན་རྗེ། ཡང་དག །རྟ་མགྲིན། ཕུར་པ་རྣམས་དབང་གི་སྤྱི་དོན་གྱིས་ཁོག་ཕུབ། སྒོས་དབང་གི་ཁྱད་ཆོས་རྣམས་མ་འདྲེས་པར་སྦྱར་བ་དང་། ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་དབང་ལ་སངས་རྒྱས་སྟོང་དབང་མ་སྦྱར་བ་རྡོ་གྲུབ་ཀྱི་དབང་བསྒྲིགས་སྟེང་ནས་དང་། ཡུམ་བཀའ་བདག་འཇུག་ལྟར། སེང་གདོང་མའི་དབང་དང་། དྲག་པོ་རྟ་ཁྱུང་གི་དབང་མཁྱེན་བརྩེའི་ལྗགས་བསྒྲིགས་ལྟར་དང་། བདེ་ཆེན་ཞིང་དབང་རྡོ་གྲུབ་དང་མཁྱེན་བརྩེའི་ལྗགས་བསྒྲིགས་གུང་སྤྲད་པ་དང་། མ་མགོན་སྲོག་དབང་བཅས་དང་། གཞུང་རྩ་བའི་པོད་གཉིས་དཀར་ཆག་ལྟར་ལུང་བཅས་ལེགས་པར་ཐོབ་པ་བརྒྱུད་པ་རྣམ་གྲངས་མང་