[A:༢༨༨བ]སྣ་ཚོགས་རང་གྲོལ། རིག་འཛིན་ཀུན་བཟང་འོད་གསལ་སྙིང་པོ་རྩལ་ལམ་འཇམ་མགོན་ཆོས་རྗེ། དེས་ཁོ་བོ་འཁོན་རིགས་ཐེག་ཆེན་དཔལ་འབར་ལའོ། །ཡང་རིག་འདུས་རྩ་དབང་རྒྱས་པ། མཁྱེན་བརྩེ། ཀུན་མཁྱེན་འཇིགས་མེད་བསྟན་པའི་ཉི་མ། དེ་ལས་འཇམ་མགོན་ཆོས་རྗེ། དེས་ཁོ་བོ་ལའོ། །
རིག་འདུས་རྩ་དབང་སོགས་ཕལ་ཆེར་རྗེ་མཁྱེན་བརྩེས་འཇིགས་མེད་རྒྱལ་བའི་མྱུ་གུ་ལས་གསན་པ་མན་གོང་དང་འདྲ། ཁ་སྐོང་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་གྱི་དབང་། རིལ་དབང་དང་བཅས་པ་དང་། རྡོར་སེམས་མངོན་དགའི་ཞིང་སྦྱོང་རྩ་དབང་། ཚེ་དབང་། རིལ་དབང་། སྨན་གྲུབ་དབང་བཅས། དེ་རྣམས་ཀྱི་ཡིག་ཆའི་ལུང་ཚང་མ་བཅས་འཇིགས་མེད་གླིང་པ། དེའི་སྤྲུལ་པའི་སྐུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། རིག་འཛིན་སྣ་ཚོགས་རང་གྲོལ། འཇམ་མགོན་ཆོས་རྗེ། དེས་སོ། །
༈ །ཇོ་ལུགས་སྒྲོལ་དཀར་བརྒྱུད་པ་གསུམ་འདུས་ཀྱི་རྗེས་གནང་དང་། དེའི་ཡིག་ཆ་གསར་རྙིང་བཅས་ཚན་པ་གཅིག་གི་བརྒྱུད་པ་ཡང་།