[A:༢༨༩ན]ལྕགས་ཟམ་བརྒྱད་པ་བསྟན་འཛིན་མཁྱེན་རབ་མཐུ་སྟོབས་ཡན་གཞུང་དུ་གསལ། དེ་ནས་ཀུན་གཟིགས་མཉྫུ་གོ་ཥ་མན་གོང་ལྟར་རོ། །
༈ རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པའི་དགོངས་གཏེར་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་ཐུགས་ཏིག་གི་རྩ་སྒྲུབ་དབང་དང་། ཚེ་དབང་། རྡོ་རྗེའི་ཚིང་རྐང་གི་ཁྲིད། ལུང་བཅས་ཐོབ་པའི་བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། ཐང་སྟོང་པ། དེའི་སྤྲུལ་པ་འོད་གསལ་སྤྲུལ་པའི་རྡོ་རྗེ། བཻ་རོ་དངོས་སྣང་ཡོན་ཏན་རྒྱ་མཚོ། དེ་གཉིས་ཀ་ལས་སི་ཏུ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ་དང་། མཁན་ཐུབ་བསྟན་རྒྱལ་མཚན་འོད་ཟེར་གཉིས་ཀྱིས་གསན། གཉིས་ཀ་ལས་པདྨ་ཡེ་ཤེས་རྡོ་རྗེའམ་འཇམ་མགོན་ཆོས་རྗེ། དེ་ལས་ཁོ་བོ་ཅག་གིས་ནོས་པའོ། །
༈ རྗེ་བླ་མའི་སྙན་བརྒྱུད་ཕུར་པ་གནད་ཏིག་གི་དབང་དང་ལུང་ཁྲིད་བཅས་རྒྱས་པར་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། བཛྲ་ཀུ་མཱ་ར། པྲ་བྷ་ཧ་སྟི། ཤཱཀྱ་སེང་གེ །གཟུངས་