R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༨བ
[A:༢༨བ] ཀུན་དགའ་བསྟན་པའི་རྒྱལ་མཚན། ངག་དབང་བསོད་ནམས་རྒྱལ་མཚན། ངག་དབང་བློ་གྲོས་སྙིང་པོ། བདག་ཅག་གི་རྣམ་འདྲེན་དམ་པ་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ། ཞབས་དྲུང་རིན་པོ་ཆེ། དེས་བདག་འཁོན་རིགས་ལའོ།། །། མུས་ཆེན་གྱི་རྣམ་ཐར་བདག་ཆེན་གྱིས་མཛད་པ་ནི། གོང་ལྟར། ལྔ་རིག་པ་ཀུན་བཀྲས། བྱམས་པ་སྨོན་ལམ་གྲགས་པ། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། ངག་དབང་བསོད་ནམས་རྒྱལ་མཚན། ངག་དབང་བློ་གྲོས་སྙིང་པོ། རྡོ་རྗེ་འཆང་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ། ཞབས་དྲུང་རིན་པོ་ཆེ། དེས་བདག་ལའོ། ། མུས་ཆེན་གྱི་རྣམ་ཐར་ཀུན་མཁྱེན་གྱིས་མཛད་པ་ནི། ཡོངས་འཛིན། དཀོན་ལྷུན། ཐར་པཎ། མཆོག་ལེགས་རྡོ་རྗེ། བསྟན་འཛིན་བཟང་པོ། ངག་དབང་ལྷུན་གྲུབ། རྨོར་ཆེན། སངས་རྒྱས་རྒྱ་མཚོ། གནས་གསར་བ། ཀུན་བློ། ཀུན་དགའ་མཁས་གྲུབ་དབང་པོ། ཀུན་དགའ་བསྟན་འཛིན། བསྟན་པའི་རྒྱལ་མཚན་མན་གོང་བཞིན་ནོ། ། བདག་ཆེན་དང་རྡོ་རིང་པ་གཉིས་ཀྱི་རྣམ་ཐར་ཚར་ཆེན་གྱིས་མཛད་པ་ནི། ཚར་ཆེན། མཁྱེན་བརྩེ། བསླབ་གསུམ་རྒྱལ་མཚན།