R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༩ན
[A:༢༩ན]དབང་རབ། བསོད་ནམས་མཆོག་ལྡན། བསོད་ནམས་མཆོག་གྲུབ། ངག་དབང་ལྷུན་གྲུབ། རྨོར་ཆེན། གནས་གསར་བ། ཀུན་བློ། འཆི་མེད་བསྟན་ཉི། ཡོངས་འཛིན་ཀུན་དགའ་བཀྲ་ཤིས། པདྨ་བདུད་འདུལ་དབང་ཕྱུག །ངག་དབང་ཀུན་དགའ་རྒྱལ་མཚན། རྡོ་རྗེ་རིན་ཆེན། ངག་དབང་ལེགས་གྲུབ། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་མན་གོང་ལྟར་རོ། ། སྒོ་རུམ་པའི་རྣམ་ཐར་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པ་ནི། མཛད་པ་པོ་ནས། བསླབ་གསུམ་རྒྱལ་མཚན་མན་གོང་བདག་ཆེན་རྣམ་ཐར་ལྟར་རོ། ། ཚར་ཆེན་རྣམ་ཐར་རྒྱལ་དབང་ལྔ་པས་མཛད་པ་ནི། ལྔ་པ། ངག་དབང་དགེ་ལེགས། འཇམ་དབྱངས་གྲགས་པ། བསོད་ནམས་མཆོག་གྲུབ། ངག་དབང་ལྷུན་གྲུབ་མན་བདག་ཆེན་རྣམ་ཐར་ལྟར་རོ། ། མཁྱེན་བརྩེའི་དབང་ཕྱུག་གི་རྣམ་ཐར་རང་ཉིད་ཀྱིས་མཛད་པ་ནི། མཁྱེན་བརྩེ། བསླབ་གསུམ། དབང་རབ། བསོད་ནམས་མཆོག་ལྡན། བསོད་ནམས་མཆོག་གྲུབ་མན་སོང་མ་ཐག་པ་ལྟར་རོ། ། ཡོལ་བ་གཞོན་ནུ་བློ་གྲོས་ཀྱི་རྣམ་ཐར་བླ་ཆེན་བློ་གྲོས་རྒྱལ་