R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༩༠བ
[A:༢༩༠བ]པ་ནི། བླ་མ་སྐུ་གསུམ། ལས་ཅན་སྙིང་གི་བུ་དགུ། གཏེར་ཆེན་མཆོག་གླིང་། མཁྱེན་བརྩེ་རྡོ་རྗེ་འཆང་། ཀོང་ཆེན་རིན་པོ་ཆེ་བློ་གྲོས་མཐའ་ཡས། དེ་ལས་མཆོག་གླིང་གཏེར་སྤྲུལ་རིན་པོ་ཆེ་འགྱུར་མེད་
འདིས་མཁྱེན་བརྩེ་རིན་པོ་ཆེ་ལས་ཀྱང་གསན།
པདྨ་ཐེག་མཆོག་བསྟན་འཛིན་དང་། མཁན་ཐུབ་བསྟན་རྒྱལ་མཚན་འོད་ཟེར། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ་གསུམ་གྱིས་གསན། གསུམ་ག་ལས་འཇམ་མགོན་ཆོས་རྗེ། དེས་བདག་ཨཱ་ཡུ་བཛྲ་ལའོ། །དམ་ཅན་སྤྱིའི་གཏོར་ཆོག་དང་། ན་རཀ་སྐོང་བཤགས་གཉིས་ནི། ཀོང་སྤྲུལ་རིན་པོ་ཆེ། ཞེ་ཆེན་རྒྱལ་ཚབ་པདྨ་བི་ཛ། འཇམ་མགོན་ཆོས་ཀྱི་བློ་གྲོས། དེ་ལས་སོ། ། ༈ རྒྱལ་ཐང་པ་ཀུན་སྤངས་བརྩོན་འགྲུས་སེང་གེའི་བཀའ་སྲོལ་གཅོད་དབང་དང་། སྟན་ཐོག་གཅིག་མའི་ཁྲིད་ལོ་ཆེན་དྷརྨ་ཤྲཱིའི་གསུང་བཅས་ནོས་པའི་བརྒྱུད་པ་ལ་བབས་སོ་བཞི་ལས། དང་པོ་ནི། སྟོན་པ་སངས་རྒྱས། འཇམ་དཔལ། འཕགས་པ་ལྷ། དམ་པ་རྣམས་སོ། ། གཉིས་པ། ཡུམ་ཆེན་མོ། རྗེ་བཙུན་སྒྲོལ་མ། སུ་ཁ་སིདྡྷི།