[A:༢༩༠ན]༈ རྒྱ་ཅན་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་དབང་དང་། དེའི་བརྒྱུད་འདེབས་མཁྱེན་བརྩེའི་གསུང་། ལས་བྱང། བྱིན་འབེབས། སྦྱིན་སྲེག །བསྙེན་ཡིག །
དབང་ཆོག་ལུང་བཅས་ཐོབ་པའི་བརྒྱུད་པ་ནི། ཞེ་ཆེན་མ་ཧཱ་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། མཆོག་གླིང་གཏེར་སྲས་ཀུན་བཟང་འཇིགས་མེད་ཚེ་དབང་ནོར་བུ། སི་ཏུ་ཐམས་ཅད་མཁྱེན་པ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ། འཇམ་མགོན་ཆོས་ཀྱི་བློ་གྲོས། དེས་བདག་ཨཱ་ཡུ་བཛྲ་ལའོ། །༈ རྒྱན་ཅན་རིགས་ལྔ་ཚེ་དཔག་མེད་འཆི་མེད་མཆོག་སྦྱིན་གྱི་དབང་ལུང་ཡང་དེ་དང་འདྲའོ། །
༈ གཏེར་ཆེན་རྣམ་གཉིས་ལྷན་རྒྱས་ཀྱི་ཟབ་གཏེར་ཐུགས་སྒྲུབ་བར་ཆད་ཀུན་སེལ་དབང་འབྲིང་པོ། བསྡུས་པ་གཏོར་དབང་། ཚེ་དབང་། རིན་གཏེར་དུ་བཞུགས་པའི་ལས་བྱང་འབྲིང་བསྡུས། སྐོང་བ། ཚེ་རིང་མ། བླ་མ་ཡི་དམ། དམ་ཅན་སྤྱི་གཏོར། ན་རག་བསྐང་བཤགས་བཅས་ཀྱི་གཏེར་གསར་ཐུགས་སྒྲུབ་ཀྱི་དབང་ལུང་བརྒྱུད་