[A:༢༩༡བ]རྒྱལ། ཕྲིན་ལས་ཆོས་སྒྲོན། འཇམ་དབྱངས་མཁྱེན་བརྩེ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། དེ་ལས་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་། ཞེ་ཆེན་པདྨ་བིཛ་གཉིས་ཀྱིས་གསན། གཉིས་ཀས་འཇམ་དབྱངས་ཆོས་ཀྱི་བློ་གྲོས། དེས་བདག་འཁོན་རིགས་ལའོ། །
༈ ཞལ་བསྙེན་དུས་ཀྱི་རྗེས་གནང་ནི། ས་ལུགས་ཡིག་ཆ་ལྟར་ན། སྐྱབས་མགོན་ཡབ་རྗེ་རྡོ་རྗེ་འཆང་ཀུན་དགའ་རིན་ཆེན་ལས། གཙང་སྤྲུལ་ཀུན་དགའ་རྒྱལ་མཚན། དེ་ལས་འཇམ་མགོན་ཆོས་ཀྱི་བློ་གྲོས། དེས་སོ། །
ངོར་ལུགས་སྒྲུབ་བཏུས་ཡིག་སྟེང་དང་། ཚར་ལུགས་ཡིག་ཆ་རྣམས་ཀྱི་སྟེང་ནས། བློ་གཏེར་དབང་པོ། ངག་དབང་བསམ་གཏན་བློ་གྲོས། འཇམ་མགོན་ཆོས་རྗེ། དེས་སོ། །ཡང་ན། ཀུན་དགའ་འཇམ་དབྱངས། འཇམ་མགོན་ལེགས་པ། འཇམ་མགོན་ཆོས་རྗེ། དེས་སོ། །ཡང་ན། མཐུ་ཆེན་འཇམ་དཔལ་བསྟན་འཛིན། ངག་དབང་ལེགས་པ། འཇམ་མགོན་ཆོས་རྗེ། དེས་སོ། །ཡང་ན། ངག་དབང་ལེགས་གྲུབ། མངའ་རིས་ཀུན་དགའ་