R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༩༢ན
[A:༢༩༢ན]འཇམ་དབྱངས། སྡེ་དགེ་དགོན་ཆེན་ནུབ་བླ་མ་དཔལ་ལྡན་འཇམ་དབྱངས། འཇམ་མགོན་ཆོས་ཀྱི་བློ་གྲོས། དེ་ལས་བདག་གིས་ནོས་པའོ། །ཡང་ན། དྲག་ཤུལ་ཕྲིན་ལས་རིན་ཆེན། ན་ལནྡྲའི་གཟིམས་འོག་རིན་པོ་ཆེ། འཇམ་མགོན་ཆོས་རྗེ། དེ་ལས་སོ། ། ༈ དམག་ཟོར་རྒྱལ་མོ་ས་ལུགས་སྔགས་འཆང་ཡིག་སྟེང་ནས། སྐྱབས་མགོན་ཡབ་རྗེ་ཀུན་རིག །གཙང་སྤྲུལ་རིན་པོ་ཆེ། འཇམ་མགོན་ཆོས་རྗེ། དེ་ལས་སོ། །སྒྲུབ་བཏུས་ཡིག་ཆའི་སྟེང་ནས། བསམ་གཏན་བློ་གྲོས། འཇམ་མགོན་ལེགས་པ། དྲྭ་སྒང་རྡོར་འཛིན་དཔལ་ལྡན་འཇམ་དབྱངས་རྣམས་ལས། འཇམ་མགོན་ཆོས་རྗེ། དེ་ལས་ཁོ་བོ་འཁོན་རིགས་པས་ནོས་པའོ། ། ༈ ལམ་ཟབ་ནང་མ། བིར་སྲུང་ནང་མ་རྣམས། བྱམས་པ་ཀུན་དགའ་བསྟན་འཛིན། མཁྱེན་བརྩེ་རིན་པོ་ཆེ། བྲག་རི་རྡོ་རྗེ་འཆང་བཀྲ་ཤིས་རྒྱ་མཚོ་དང་། འཇམ་རྒྱན་རིན་པོ་ཆེ། དེ་གཉིས་ཀ་ལས་འཇམ་མགོན་ཆོས་ཀྱི་བློ་གྲོས།