[A:༢༩༢བ]དེ་ལས་ཁོ་བོས་ནོས་པའོ། །
ཡང་བྲག་འཇམ་གཉིས་ཀས་འཇམ་དབྱངས་བློ་གཏེར་དབང་པོ་ལས་ཀྱང་གསན། ཡང་ན། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་ལས། འཇམ་དབྱངས་རིན་ཆེན་རྡོ་རྗེ་དང་། ངག་དབང་བློ་གྲོས་སྙིང་པོ་གཉིས་ཀྱིས་གསན། གཉིས་ཀས་འཇམ་མགོན་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ། དེ་ལས་འཇམ་མགོན་ཆོས་རྗེ། དེ་ལས་ཁོ་བོས་བཀའ་དྲིན་ནོས་པའོ། །གཟིམས་འོག་རིན་པོ་ཆེ་བྱམས་པ་ཀུན་དགའ་བསྟན་འཛིན་ལས་ཀྱང་འཇམ་མགོན་ཆོས་རྗེས་ཐོབ་གསུངས།
ངག་འདོན་གྱི་ཡིག་རྙིང་དང་། འཇམ་མགོན་ལེགས་པའི་གསུང་རྣམས། མཛད་པ་པོ་ནས། སྡེ་གཞུང་མཆོག་སྤྲུལ་རིན་པོ་ཆེ། འཇམ་མགོན་ཆོས་རྗེ། དེ་ལས་ཁོ་བོ་ཅག་གིས་ནོས་པའོ། །