[A:༢༩༥བ]གཞུང་བརྒྱ་འཆད་པས་སྐལ་ལྡན་རྗེས་སུ་སྐྱོང་། །
ལུང་རིགས་འོད་ཀྱིས་ལོག་རྟོག་སྨག་རུམ་སེལ། །
ཟབ་ལམ་བསྒོམས་པས་ཉམས་མྱོང་ཐུགས་ལ་རྫོགས། །
ཡོངས་འཛིན་མཁས་པའི་དབང་པོ་གང་ཁྱོད་བསྔགས། །
གང་གི་ཐུགས་རྗེས་ས་ཆེན་ཡབ་སྲས་ཀྱི། །
སྙན་བརྒྱུད་གདམས་པ་ཟབ་མོའི་བདུད་རྩིའི་རྒྱུན། །
རྣམ་དཔྱོད་ཡངས་པའི་རིན་ཆེན་བུམ་བཟང་དུ། །
སྩལ་བའི་བཀའ་དྲིན་འགོག་མེད་འབྲི་བར་བྱ། །
ཞེས་མཆོད་བརྗོད་དང་དམ་བཅའ་སྔོན་དུ་བཏང་ནས། འདིར་རིམ་པར་ཕྱེ་བ་ལྔ་པ་ཆོས་གྲྭ་ཆེན་པོ་དཔལ་རྒྱུན་གྱི་དབང་པོའི་གཟིམས་འོག་མཆོག་སྤྲུལ་རིན་པོ་ཆེ་བྱམས་པ་ཀུན་དགའ་བསྟན་འཛིན་ཞབས་དང་། ཐུགས་སྲས་ཡོངས་འཛིན་ངག་དབང་བློ་གྲོས་རིན་ཆེན་མཆོག་ལས་ཟབ་ཆོས་ནོས་སྐོར་