[A:༢༩༦ན]རྣམས་འགོད་པ་ནི། ཐོག་མར་གཟིམས་འོག་རིན་པོ་ཆེ་ནས། སྔགས་འཆང་ཀུན་དགའ་བཀྲ་ཤིས་ཀྱི་ཡིག་སྟེང་ནས་གྲུབ་ཆེན་ཐང་རྒྱལ་ལུགས་ཀྱི་ཚེ་རྟ་ཟུང་སྦྲེལ་གྱི་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། ས་ཆེན་ཀུན་བློ་ཡན་སྤྱི་དང་འདྲ་བ་ལ། དེ་ནས། མཁྱེན་རབ་བསྟན་འཛིན་ལྷུན་གྲུབ། ངག་དབང་བློ་གསལ་ཕུན་ཚོགས། ངག་དབང་ཀུན་དགའ་མཁྱེན་རབ། རིག་འཛིན་ཕྱོགས་ལས་རྣམ་རྒྱལ། བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས། བྱམས་པ་རིན་ཆེན་མཁྱེན་བརྩེའི་དབང་པོ། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེས་ཁོ་བོ་འཁོན་རིགས་ཨཱ་ཡུ་བཛྲ་ལ་བསྩལ་བའོ། །
ཡང་ན། རྡོ་རྗེ་འཆང་དྲག་ཤུལ་ཕྲིན་ལས་རིན་ཆེན་དང་། ཡབ་རྗེ་