[A:༣༠༠བ]ངོར་ཆེན་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། རྭ་སྟོན་ཡོན་ཏན་དཔལ་བཟང་། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། ས་ལོ་ཀུན་དགའ་བསོད་ནམས། གཉན་ཆེན་གྲགས་པ་བློ་གྲོས། ཤར་ཁང་པ་ཤེས་རབ་རྒྱལ་མཚན། མུས་ཆེན་ནམ་མཁའ་དཔལ་བཟང་། མཁས་གྲུབ་དཔལ་ལྡན་དོན་གྲུབ། ཤར་ཆེན་ཤེས་རབ་འབྱུང་གནས། མཁན་ཆེན་ལྷུན་གྲུབ་དཔལ་ལྡན་མན་གོང་མཚོ་སྐྱེས་ལུགས་བཞིན་ནོ། །
དེ་འབྲེལ་བདེ་མཆོག་ནག་པོ་ལུགས་ཀྱི་དབང་དང་། གསང་འདུས་མི་བསྐྱོད་པའི་དབང་གི་ཡིག་ཆུང་དང་། བློ་གཏེར་དབང་པོ་ཡན་གྱི་བརྒྱུད་པ་བཅས་གོང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལས་ཐོབ་པ་ལྟར་ལ། དེ་ནས་མཁན་ཆེན་རྡོ་རྗེ་འཆང་གཞན་ཕན་སྙིང་པོ། བླ་མ་རིན་པོ་ཆེ་ངག་དབང་བློ་གྲོས་རིན་ཆེན། དེས་བདག་འཁོན་རིགས་པ་ལའོ། །
༈ གྲུབ་པའི་སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ལེགས་པར་བཀྲལ་བའི་གསང་བ་འདུས་པ་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་དུ་རྗེ་ངག་དབང་ལེགས་གྲུབ་ཀྱི་སྒྲུབ་དཀྱིལ་དང་། ཀུན་བློའི་མཚམས་སྦྱོར་གྱི་སྟེང་ནས་སྟ་གོན་གྱི་