[A:༣༠༢ན]དཔལ་བདེ་བ། དྲི་མེད་སྦས་པ། རིན་ཆེན་རྡོ་རྗེ། རིན་ཆེན་གྲགས་པ། རི་སུལ་གྱི་རྣལ་འབྱོར་མ། བླ་མ་སནྡྷ་བ། གཉན་ལོ་དར་མ་གྲགས། གནམ་ཁའུ་པ་ཆོས་ཀྱི་རྒྱལ་མཚན། ས་ཆེན་གོང་མ་ལྔ། དམ་པ་ཀུན་དགའ་གྲགས། དགའ་ལྡན་པ་བཀྲ་ཤིས་དཔལ། ཀུན་དགའ་བསོད་ནམས། ཁམས་པ་རྡོ་རྗེ་དཔལ། སྤང་ཁང་པ་གྲགས་པ་དཔལ། ཀུན་མཁྱེན་གངས་ཁྲོད་པ། ས་བཟང་པཎ་ཆེན་མ་ཏི་དྷྭ་ཛ། དེ་དབོན་ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་མན་འདྲའོ། །
གསུམ་པ་ཕ་ཁ་ཆེ་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཇམ་དབྱངས། སངས་རྒྱས་ཡེ་ཤེས། མར་མེ་མཛད། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། ཁ་ཆེ་གདྒ་དྷ་ར། པཎྜི་ཏ་བི་ན་ཤྲཱི། ཁམས་པ་རྡོ་རྗེ་དཔལ་མན་འདྲ།
བཞི་པ་གཉོས་ལུགས་ཀྱི་བརྒྱུད་པ་དང་། ལྔ་པ་ཇོ་ལུགས་ཀྱི་བརྒྱུད་པ། དྲུག་པ་རྭ་ལུགས་ཀྱི་བརྒྱུད་པ་རྣམས་ཀྱང་གོང་མ་རྣམས་མི་འདྲ་ཞིང་། འོག་ཏུ་དབང་གི་ཆུ་བོ་གཅིག་འདྲེས་སུ་གྱུར་པ་གོང་བདེ་གསང་སོགས་བཞིན་ནོ། །
༈ གཤིན་རྗེའི་གཤེད་ཀྱི་སྐོར་