R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༠༢བ
[A:༣༠༢བ]ལ་དམར་ནག་གཉིས་སུ་ཡོད་པའི་ཕྱི་མ་ལ་དགྲ་གདོང་འཇིགས་གསུམ་ལས། གསུམ་པ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོག་བདུན་ལ་གཙོ་བོར་བརྟེན་ནས་གྲུབ་ཆེན་ལ་ལི་ཏ་བཛྲ་དང་། དོན་ཡོད་རྡོ་རྗེས་བཀྲལ་ཞིང་། གངས་ཅན་གྱི་ལྗོངས་འདིར་རྭ་སྐྱོ་ཞང་གསུམ་གྱི་བཀའ་སྲོལ་ལས། དང་པོ་ར་ལུགས་འཇིགས་བྱེད་ལྷ་དགུ་མའི་དཀྱིལ་འཁོར་དུ་རྗེ་ངག་དབང་ལེགས་གྲུབ་ཀྱི་ཡིག་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་འཇིགས་བྱེད། ཡེ་ཤེས་ཀྱི་མཁའ་འགྲོ་མ། གྲུབ་ཆེན་ལ་ལི་ཏ་བཛྲ། པཎྜི་ཏ་ཨ་མོ་གྷ་བཛྲ། ཛྙཱ་ནཱ་ཀ་ར་གུཔྟ། གྲུབ་ཆེན་པདྨ་བཛྲ། དཱིཔཱཾ་ཀ་ར་རཀྵི་ཏ། རྭ་ལོ་རྡོ་རྗེ་གྲགས། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང་། ཀློག་སྐྱ་པ་དབང་ཕྱུག་གྲགས། ལྡོང་སྟོན་ཤེས་རབ་དཔལ། འགྲོ་མགོན་ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ་བསོད་ནམས་དཔལ། ཆོས་རྗེ་བསོད་ནམས་རྒྱལ་མཚན། མཁན་ཆེན་བྱང་ཆུབ་དཔལ་བཟང་། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། རྒྱལ་བ་