R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༠ན
[A:༣༠ན]ནམས་མཆོག་ལྡན། རིན་ཆེན་བསོད་ནམས་མཆོག་གྲུབ་གསུམ་གྱི་རྣམ་ཐར་རྒྱལ་དབང་ལྔ་པས་མཛད་པ་ནི། ལྔ་པ། ངག་དབང་ལྷུན་གྲུབ་མན་འདྲའོ། ། མཁྱེན་རབ་བྱམས་པ་ངག་དབང་ལྷུབ་གྲུབ་ཀྱི་རྣམ་ཐར་ཁ་སྐོང་དང་བཅས་པ་རང་ཉིད་ཀྱིས་མཛད་པ་ནི། ངག་དབང་ལྷུན་གྲུབ། རྨོར་ཆེན། གནས་གསར་བ། ཀུན་བློ། འཆི་མེད་བསྟན་ཉི། སློབ་དཔོན་ཀུན་དགའ་བཀྲ་ཤིས། པདྨ་བདུད་འདུལ་དབང་ཕྱུག །ཀུན་དགའ་རྒྱ་ལ་མཚན། རྡོ་རྗེ་རིན་ཆེན། ངག་དབང་ལེགས་གྲུབ། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་མན་གོང་བཞིན་ནོ། ། རྨོར་ཆེན་གྱི་རྣམ་ཐར་ཞལ་གསུང་མ་ནི། ངག་དབང་ཀུན་དགའ་ལྷུན་གྲུབ། གནས་གསར་བ་མན་སྔར་ལྟར་རོ། ། གནས་གསར་བ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཀྱི་རྣམ་ཐར་ཀུན་དགའ་བློ་གྲོས་ཀྱིས་མཛད་པ་ནི། ཀུན་བློ། འཆི་མེད་བསྟན་ཉི་མན་འདྲའོ། ། ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་ཀྱི་རྣམ་ཐར་ཀུན་དགའ་བཀྲ་ཤིས་ཀྱིས་མཛད་པ་ནི། ཀུན་དགའ་བཀྲ་ཤིས། པདྨ་བདུད་འདུལ་དབང་ཕྱུག །ཀུན་དགའ་རྒྱལ་མཚན་མན་འདྲའོ། །