R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༠བ
[A:༣༠བ]ཐར་རྩེ་མཁན་ཆེན་བྱམས་པ་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། རྣལ་འབྱོར་འཇམ་དཔལ་བཟང་པོ་གསུམ་གྱི་རྣམ་ཐར་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་བརྒྱུད་པ་ནི། མཛད་པ་པོ་ནས། ངག་དབང་བསོད་ནམས་རྒྱལ་མཚན་མན་གོང་ལྟར་རོ། ། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་བཅུ་ཕྲག་རིག་པའི་མ་ཧཱ་པཎྜི་ཏ་ཁུ་ན་ངོར་དཔོན་སློབ་འཇམ་དབྱངས་ཤེས་རབ་རྒྱ་མཚོས་མཛད་པའི་ལུང་སླར་ཞུ་དགོས།། །། ༈ གཉིས་པ་ཉམས་མྱོང་ཚད་མ་རྒྱུད་ལ་སྐྱེད་པའི་ཁྲིད་ཀྱི་གཞུང་ཤིང་ཆེན་མོ་བཞིའི་ནང་ཚན། གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ཁྲིད་ཡིག་རྡོ་རྗེ་འཆང་ཚར་པ་ཆོས་རྗེའི་གསུང་སྒྲོས་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་ཟིན་བྲིས་སུ་མཛད་པའི་ཁྲིད་ཡིག་གསང་ཆེན་བསྟན་པ་རྒྱས་བྱེད་ཁའུ་བྲག་རྫོང་པའི་བཞེད་པ་མ་ནོར་བ་ལ་གཞི་བྱས། བུམ་དབང་རྨི་ལམ་མན་ཆོད་ཀྱི་ཁྲིད་རྩོམ་འཕྲོ་ལུས་པ་རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོས་མཛད་པ་དང་། སྣང་གསུམ་གྱི་སྒྲོ་འདོགས་པའི་སྐབས་སུ་མཁྱེན་བརྩེས་མཛད་པའི་ཐོག་མར་མན་ངག་གི་བྱུང་ཚུལ་དང་། བྱུང་བའི་ཆོས་ལ་བཤད་སྒྲུབ་བྱ་ཚུལ་གཉིས་ཟིན་ཐུན་