[A:༣༠༤བ]རབ་ཟླ་བའི་དབང་པོ། རྗེ་བཙུན་རྡོ་རིངས་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །མཐུ་སྟོབས་དབང་ཕྱུག་བསོད་ནམས་ཆོས་འཕེལ། འཇམ་དབྱངས་ངག་དབང་ཆོས་གྲགས། བྱམས་པ་ངག་དབང་རྣམ་རྒྱལ། བདག་ཆེན་ཀུན་དགའ་བཀྲ་ཤིས། མཁས་གྲུབ་སངས་རྒྱས་ཕུན་ཚོགས། རྡོ་རྗེ་འཆང་ཀུན་དགའ་བསྟན་འཛིན། མཁས་གྲུབ་སངས་རྒྱས་དཔལ་བཟང་། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། སྡེ་དགེ་བླ་མ་ཀུན་དགའ་བསོད་ནམས། གྲུབ་བརྙེས་ཆོས་ཉིད་ཡེ་ཤེས། རྗེ་བཙུན་མ་འཆི་མེད་བསྟན་པའི་ཉི་མ། ཡབ་རྗེ་ཀུན་དགའ་རིན་ཆེན། གཟིམས་འོག་བསྟན་འཛིན་སྙན་གྲགས། བྱམས་པ་ཕྲིན་ལས་ཡོན་ཏན། བཅོ་བརྒྱད་པ་རིན་ཆེན་མཁྱེན་བརྩེའི་དབང་པོ། གཟིམས་འོག་བྱམས་པ་ཀུན་དགའ་བསྟན་འཛིན། རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་ཁོ་བོ་འཁོན་རིགས་ཨཱ་ཡུ་བཛྲ་ལའོ། །
རྗེས་གནང་གཉིས་པའི་བརྒྱུད་པ་ནི། རྭ་འབུམ་སེང་ཡན་གོང་དཔལ་གཅིག་ཡབ་ཡུམ་ལྟར་ལ། དེ་ནས། རྭ་དྷརྨ་སེང་གེ རྭ་དཀོན་མཆོག་སེང་གེ