R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༠༤ན
[A:༣༠༤ན]ཐོབ་པའི་བརྒྱུད་པ་ཡང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཡན་སྒྲུབ་བཏུས་བརྒྱུད་ཡིག་ལྟར་ལ། དེ་ནས། འཇམ་དབྱངས་བློ་གཏེར་དབང་པོ། བྲག་རི་རྡོ་རྗེ་འཆང། མཁན་ཆེན་གཞན་ཕན་སྙིང་པོ། རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་ཁོ་བོ་འཁོན་རིགས་པ་ལའོ། ། ལས་གཤིན་དཔལ་གཅིག་ཡབ་ཡུམ་གྱི་རྗེས་གནང་དང་། ལས་གཤིན་དམར་པོ་ཁྲག་མདོག་ཡབ་ཡུམ་གྱི་རྗེས་གནང་། ལས་གཤིན་དམར་པོ་བསེ་བྱ་བཞིས་བསྐོར་གྱི་རྗེས་གནང་རྣམས་ཐོབ་པའི་བརྒྱུད་པ་ལ། དང་པོའི་བརྒྱུད་པ་རྒྱལ་བ་རྡོ་རྗེ་འཆང་། རྗེ་རོ་ལངས་མ། གྲུབ་ཆེན་ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ། ཡེ་ཤེས་འབྱུང་གནས་སྦས་པ། པདྨ་བཛྲ། དཱི་པཱཾ་ཀ་ར་རཀྵི་ཏ། རཱ་ལོ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང་། རྗེ་བཙུན་རྒྭ་ལོ། རོང་པ་ཤེས་རབ་སེང་གེ བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། ཀུན་མཁྱེན་ཤེས་རབ་དཔལ་བཟང་། ཆོས་རྗེ་དགེ་བ་རྒྱལ་མཚན། གྲྭ་ཐང་པ་ཤེས་