[A:༣༠༥བ]རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། རྗེ་བཙུན་རྡོ་རིངས་པ། ཚར་ཆེན། མཁྱེན་བརྩེའི་དབང་ཕྱུག །བསོད་ནམས་ཆོས་འཕེལ། དབང་ཕྱུག་རབ་བརྟན། ངག་དབང་ཆོས་གྲགས། ངག་དབང་རྣམ་རྒྱལ། ས་ཆེན་ཀུན་བཀྲས། མཁས་གྲུབ་སངས་ཕུན། རི་ཁྲོད་པ་བསོད་ནམས་ཆོས་འབྱོར། མཁས་པ་བཀྲ་ཤིས་དབང་ཕྱུག །དབང་བླ་ཀུན་དགའ་བསྟན་འཛིན། མཁན་ཆེན་སངས་རྒྱས་དཔལ་བཟང་མན་གོང་འདྲའོ། །
དེ་ལྟར་སྨིན་བྱེད་ཀྱི་དབང་དང་རྗེས་གནང་གི་སྐོར་རྣམས་ལེགས་པར་ཐོབ་ནས། གྲོལ་བྱེད་ཁྲིད་ཀྱི་སྐོར། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རོལ་པའི་རྡོ་རྗེས་ཡེ་ཤེས་ཀྱི་ཌཱ་ཀི་རོ་ལངས་མ་ལས་དངོས་སུ་གསན་པའི་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་གི་མན་ངག་ཟབ་མོ། འཕགས་ཡུལ་པཎ་གྲུབ་རྒྱ་མཚོའི་ཐུགས་དམ་གྱི་སྙིང་པོར་གྱུར་པ། བལ་ཡུལ་ཡེ་རོང་དཱི་པཱཾ་ཀ་རས་རྭ་ཆེན་རྡོ་རྗེ་གྲགས་པ་ལ་ཆིག་བརྒྱུད་དུ་བསྩལ་བའི་དཔལ་རྡོ་རྗེ་འཇིགས་བྱེད་རྭ་ཁྲིད་མཁའ་འགྲོའི་སྙན་བརྒྱུད་ཀྱི་ཉམས་ཁྲིད་ངག་དབང་ཆོས་གྲགས་ཀྱི་རྣམ་བཤད་དང་། མཁྱེན་བརྩེའི་ཁྲིད་ཡིག །ཀུན་དགའ་བསོད་ནམས་ཀྱི་ཆོས་འབྱུང་ཁོག་ཕུབ་ཏུ་བཏང་