[A:༣༠༧ན]བྱམས་པ་སྨོན་ལམ་གྲགས་པ། འཇམ་དབྱངས་བློ་གསལ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། རྡོ་རྗེ་འཆང་བློ་གཏེར་དབང་པོ། མཁན་ཆེན་རྡོ་རྗེ་འཆང་གཞན་ཕན་སྙིང་པོ། རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་བདག་འཁོན་རིགས་ཨཱ་ཡུ་ལའོ། །
ཡང་ན། ཀུན་དགའ་ལེགས་འབྱུང་ཡན་གོང་ལྟར་ལ། དེ་ནས་ཀུན་དགའ་བློ་གྲོས། ཀུན་དགའ་མཁས་གྲུབ་དབང་པོ། བྱམས་པ་ཀུན་དགའ་བསྟན་འཛིན། ཤར་བླ་ཀུན་དགའ་དཔལ་ལྡན། ཀུན་དགའ་བསྟན་པའི་བློ་གྲོས། ངོར་མཁན་ཆེན་དཔལ་ལྡན་བློ་གྲོས་རྒྱལ་མཚན། འཇམ་དབྱངས་བློ་གཏེར་དབང་པོ་མན་འདྲའོ། །
ཡང་ན། རྗེ་བླ་མས་གཟིམས་འོག་མཆོག་སྤྲུལ་རིན་པོ་ཆེ་བྱམས་པ་ཀུན་དགའ་བསྟན་འཛིན་ལས་ཀྱང་གསན་པས་དེའི་བརྒྱུད་ཡིག་ལྟར་བྱས་ཀྱང་ཆོག །
༈ གསུམ་པ་རྒྱབ་བརྟེན་ལུང་གི་སྐོར་ལ། རྭ་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་དཀར་ཆག་ན་གསལ་བའི་ཆོས་སྐོར་དང་། དེར་མ་འཁོད་པའི་རྒྱ་