R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༠༧བ
[A:༣༠༧བ]
བོད་ཀྱི་ཡིག་སྣའི་སྐོར་དང་། བོད་ཀྱི་མཁས་པ་འབྲི་གུང་དཔལ་འཛིན་གྱིས་མཛད་པའི་སྐོར་དང་གསུམ་ལས། དང་པོ་རྭ་ལུགས་ཀྱི་གཤིན་རྗེ་གཤེད་ནག་པོ་སྐོར་གསུམ་དུ་གྲགས་པའི་དཀར་ཆག་རྭ་ཆེན་གྱིས་མཛད་པའི་ཚིགས་བཅད་དང་། དེའི་རྒྱས་བཤད་རྭ་དབོན་ཤེས་རབ་རྒྱལ་མཚན་གྱིས་མཛད་པ། དེར་གསལ་བའི་ཡིག་སྣ་ལ། རྒྱུད་འབུམ་པ་ལས་ལ་ལི་ཏ་བཛྲ་གྱིས་ཕྱུང་བའི་དཔལ་རྡོ་རྗེ་འཇིགས་བྱེད་ཁྲོས་པའི་རྒྱལ་པོའམ། རྩ་བའི་
(རྭ་ཀུན་)
རྒྱུད་རྟོག་པ་བདུན་པ་རྒྱ་གར་གྱི་མཁན་པོ་མ་ཧཱ་ཀཱ་རུ་ཎི་དང་། བོད་ཀྱི་ལོ་ཙཱ་བ་རྭ་རྡོ་རྗེ་གྲགས་ཀྱིས་བསྒྱུར་བ།
འདིའི་འགྱུར་ཡི་རང་པ་ཐུགས་རྗེ་ཆེན་པོ་དང་། འོག་ནས་འབྱུང་བའི་ཨ་མོ་གྷས་མཛད་པའི་དཀྱིལ་ཆོག་འགྱུར་དུ་བྷ་རོའི་མཚན་སྨོས་པས་འདི་གཉིས་ཐ་དད་པར་ཚད་མས་གྲུབ་བོ། །
སློབ་དཔོན་ཆེན་པོ་ཨ་མོ་གྷ་བཛྲ་གྱིས་མཛད་པའི་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་བདུན་མའི་དཀྱིལ་འཁོར་
(རྭ་ཀུན་)
གྱི་ཆོ་ག་དངོས་གྲུབ་བརྙེས་པའི་བླ་མ་བྷ་རོ་དང་། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་བསྒྱུར་བ། རྡོ་རྗེ་འཇིགས་བྱེད་ཀྱི་སྦྱིན་སྲེག་ཆོ་ག་མཛད་པ་པོ་དང་སྒྱུར་བྱེད་གོང་དང་འདྲ། དེས་མཛད་པའི་