[A:༣༠༨ན]རྡོ་རྗེ་འཇིགས་བྱེད་ལྷ་བཅུ་བདུན་མའི་སྒྲུབ་ཐབས་ལས་སུ་བྱ་བའི་ཆོ་ག་སེམས་དཔལ་
འདི་རྭས་འགྱུར་བཅོས་མཛད་པའི་གསལ་བ་མ་བྱུང་ཡང་རྭ་ཆེན་གྱི་གསུང་ལ་ཁ་ཅིག་བཅོས་ཞེས་པ་ལྟར་ན་འགྱུར་བཅོས་མཛད་པར་མངོན།
བསྡུས་པ་རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་ཛྙཱ་ན་དང་། བོད་ཀྱི་ལོ་ཙཱ་བ་རོང་སྒོམ་ཆོས་བཟང་གིས་བསྒྱུར་ཅིང་།
རོང་ཟོམ་ཆོས་བཟང་ཡིན་མིན་བརྟག །
འགོས་ལྷས་བཙས་དབང་ཕྱུག་རྒྱ་མཚོས་ཞུས་ཏེ་གཏན་ལ་ཕབ་པ།
སློབ་དཔོན་རཏྣ་ཨཱ་ཀ་ར་ཤཱནྟི་པས་མཛད་པའི་རྡོ་རྗེ་འཇིགས་བྱེད་ཀྱི་
(རྭ་ཀུན་)
ཚོགས་ཀྱི་འཁོར་ལོ་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་རཀྵི་ཏ་དང་། བྷ་རོ་ཕྱག་རྡུམ་ཡིན།
ལོ་ཙཱ་བ་དགེ་སློང་རྡོ་རྗེ་གྲགས་ཀྱིས་བསྒྱུར་བ། རྒྱུད་འབུམ་པ་ནས་ཕྱུང་བའི་ལས་མཁན་ཏེའུ་ལོ་པའི་རྟོག་པ་དང་། དཀར་ཆག་ན་རྟག་པ་ཞེས་པ་ལས་མི་གསལ་བ་གཅིག་ཏུ་བསྡོམས་པ་འདྲའོ།།
ཏེའུ་ལོ་པའི་ཆོ་གའམ་རྟོག་པ་ཞི་པ་མ་དཱི་པཾ་ཀ་ར་དང་། རྭ་ལོ་རྡོ་རྗེ་གྲགས་ཀྱི་བསྒྱུར་བ། སློབ་དཔོན་ཤྲཱི་བྷ་དྲས་མཛད་པའི་དཔལ་རྡོ་རྗེ་འཇིགས་བྱེད་དཔལ་བོ་གཅིག་པའི་སྒྲུབ་ཐབས་མདོར་བསྡུས་པ། འགྱུར་བྱང་མི་གསལ་ཡང་རྭའི་འགྱུར་ཡིན་ནམ་སྙམ།
རྭ་ཆེན་རྡོ་རྗེ་གྲགས་ཀྱི་མཛད་པའི་རྟོག་བདུན་གྱི་