R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༡༤བ
[A:༣༡༤བ]མཐར་ཐུག་རྭ་འབུམ་སེང་གེས་མཛད་པ། དེས་མཛད་པའི་མགོར། སྐུ་གསུམ་དབྱེར་མེད་བླ་མ་ཐུགས་རྗེ་ཅན། །ཞེས་ཡོད་པའི། གཤིན་རྗེ་ཉི་མ་བཞི་པའི་མན་ངག་བླ་མ་ཆེན་པོ་རྭ་ཡེ་ཤེས་སེང་གེའི་གསུང་ལ་བརྟེན་པ། མགོར། འཇིགས་བྱེད་ཀྱི་འཁྲུལ་འཁོར་བྱེད་ཐབས་ཆོས་རྗེ་རིན་པོ་ཆེའི་ཞལ་ནས། ཞེས་ཡོད་པའི། ཞི་རྒྱས་དབང་གི་འཁྲུལ་འཁོར་གྱི་ལག་ལེན་གྲངས་སུ་བརྩིའི་ཟླར་མི་བགྲང་གསུངས་པའི་མཐའ་ཅན། རྒྱ་སྟོན་གྱིས་མཛད་པའི་རྡོ་རྗེ་འཇིགས་བྱེད་ཀྱིས་བསད་པ་མཚོན་ཆ་ལྟ་བུའི་
(རྭ་)
(རྒྱ)
(རུམ)
མན་ངག་ཤོག་དྲིལ་དང་པོའི་གསལ་བྱེད། དེས་མཛད་པའི་ཤོག་དྲིལ་གཉིས་
(རྭ་)
(རྒྱ)
(རུམ)
པའི་གསལ་བྱེད། དེས་མཛད་པའི་ཤོག་དྲིལ་གསུམ་
(རྭ་)
(རྒྱ)
(རུམ)
པའི་གསལ་བྱེད། དེས་མཛད་པའི་རྭ་ཆེན་གྱི་བསད་པའི་མཚོན་ཆ་སྙིང་ལ་གབ་པའི་སྲུང་ཟློག་བསད་
(རྒྱ)
གསུམ་གྱི་ལས་ཚོགས་མན་ངག་སྙིང་པོའི་དོན་འདི་ལ་བཅོས་བསླད་མི་བྱའོའི་མཐའ་ཅན། ཆོས་ཀྱི་རྒྱལ་པོ་འཕགས་པས་རྒྱལ་བུ་བྱང་ཆུབ་སེམས་དཔའ་གོ་པེ་ལེའི་ཆེད་དུ་བསྐུལ་བ་ལ་བརྟེན་ནས་
(ལྡོང་)
(རིགས་)
ལྡོང་ཤེས་རབ་དཔལ་གྱིས་མཛད་