R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༡༥ན
[A:༣༡༥ན]པའི་ཞི་རྒྱས་དབང་དྲག་གི་འཁྲུལ་འཁོར་ལས་ཚོགས་དྲག་པོའི་སྔགས་གཏེར། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་མཛད་པའི་འཁྲུལ་འཁོར་གྱི་ལག་
(བུ)
ལེན་གསལ་བར་བྱེད་པ་གནད་ཀྱི་མན་ངག །འཁྲུལ་འཁོར་ལྟབ་པའི་ཞལ་ཤེས་ཡིག་ཆུང་གསང་བའི་གནད་ཡིག་ཀུན་
(ནུབ་)
ལ་མེད་པའི་ཁྱད་ཆོས་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་གསུང་རྒྱུན་འདི་ནི་གཤིན་རྗེ་མཁན་པོ་ཕལ་ཆེར་ལ་མིང་ཙམ་ཡང་མ་གྲགས་པའི་ཟབ་གནད་ཅན་ཡིན་པས། མཇུག་ཏུ། ཨེ་མ་རྭ་ལའོ་ཐུགས་བཅུད་མཁའ་འགྲོའི་གཏམ། །སྙན་བརྒྱུད་ཟབ་མོའི་ཡང་སྙིང་པདྨོའི་གཉེན། །སྣོད་མིན་ཀུན་ནྡའི་ཕྲེང་བ་ཟུམ་བྱེད་པ། །སྐལ་བཟང་བློ་མཚོར་རོལ་ཅིག་ས་མ་ཡ། །ཞེས་སོ། ། ཐུགས་སྲས་ལོ་ཙཱ་བས་མཛད་པའི་ཞི་
(བུ)
བའི་སྦྱིན་སྲེག་གི་ཆོ་ག་ཉོན་མོངས་སྲེག་བྱེད། རྭ་ཆེན་ལོ་ཙཱ་བའི་བཞད་པ་ཐུན་མོང་མ་ཡིན་པ་དབྱུ་གུ་དྲུག་ཅུ་རྩ་བཞི་ལྕགས་མཁར་ཟུར་དྲུག་པའི་འཕྱོངས་
(ཟངས་)
དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་རཏྣ་ལ་ཀྵའི་ངོར་མཛད་པ་བདུད་སྡེ་འཇོམས་པ་ཞེས་བྱ་བ་