R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༢༠ན
[A:༣༢༠ན]པར་མངོན་ནོ། ། མདོ་ཁམས་ཏྲེ་ཤོད་པ་རྟོགས་ལྡན་བསོད་ནམས་དཔལ་གྱིས་བསྐུལ་བ་ལ་བརྟེན་ནས་ཐང་སྐྱའི་གཙུག་ལག་ཁང་དུ་བྲིས་པའི་ལས་ཐམས་ཅད་པའི་སྦྱིན་སྲེག་དངོས་གྲུབ་ཀྱི་གཟི་བརྗིད་རབ་སྣང་། ཞི་རྒྱས་ཀྱི་སྦྱིན་སྲེག་ཉེས་པའི་ཚང་ཚིང་མ་ལུས་པ་བསྲེགས་པར་ནུས་པ་བསོད་ནམས་ཀྱི་ཉི་མ་བདུན་འབར་མཚུར་ཕུའི་གཙུག་ལག་ཁང་དུ་མཛད་པ། རྒྱུད་རྟོག་བདུན་པའི་འཁྲུལ་འཁོར་གྱི་སྐབས་སུ་ཁྱིམ་དུ་བཞག་ན་ཞི་བར་འགྱུར་རོ། ཞེས་པའི་མན་ངག་ཞི་བའི་དངོས་གྲུབ་སྒྲུབ་པའི་ཆོ་ག་བདུད་རྩེའི་རྒྱ་མཚོ། དེའི་ཡན་ལག་འཇིགས་པ་ཞི་བའི་སྲུང་འཁོར། མཚོན་སྲུང་བ། ཚེ་སྒྲུབ་དང་བཅས་པ་གཙང་རོང་དམུ་ལྷ་ཤམྦྷར་གྱི་གཙུག་ལག་ཁང་དུ་མཛད་པ། ཡང་གནས་དེ་ཉིད་དུ་མཛད་པའི་རྒྱས་པའི་ལས་སྒྲུབ་པའི་ཆོ་ག་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འབར་བ་ཡན་ལག་དང་བཅས་པ། དབང་དུ་བྱ་བའི་ཆོ་ག་དོན་ཡོད་པའི་ཞགས་པ་རྣམ་པར་གཡོ་བ། དེའི་ཡན་ལག་འགུགས་པའི་ཆོ་ག་ལྕགས་ཀྱུ་འབར་བ། བསྐྱེད་རྫོགས་ཀྱི་རིམ་པ་གང་རུང་གི་ལམ་གྱི་གྲོགས་སུ་རིག་པའི་སྐྱེས་བུ་