R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༢༢ན
[A:༣༢༢ན]ཏུ་མཁས་པས་རྒྱ་གར་གྱི་སློབ་དཔོན་དཔལ་འཛིན་དང་འདྲ་ཞེས་གླེང་བར་བརྟེན་མཚན་དེ་ལྟར་ཐོགས་སོ། ། ༈ དེ་རྣམས་ཀྱི་བརྒྱུད་པ་ནི། ས་བཅད་དང་པོ་དང་། གཉིས་པའི་
(རྭ་)
རྟགས་ཡོད་པ་དང་། རྟགས་གང་ཡང་མེད་པ་རྣམས་ཀྱི་ལུང་བརྒྱུད་ནི། མུས་ཆེན་ཆོས་ཉིད་ཡེ་ཤེས་ཡན་གོང་དབང་གི་བརྒྱུད་པ་ལྟར་དང་། དེ་ནས་འཆི་མེད་བསྟན་པའི་ཉི་མ། ཡབ་རྗེ་ཀུན་རིན། གྲུབ་དབང་རྡོ་རྗེ་རིན་ཆེན། རྗེ་བཙུན་རྟ་མགྲིན་དབང་མོ། རྗེ་བླ་མ་བྱམས་པ་ཕྱོགས་ལས་རྣམ་རྒྱལ། རྡོ་རྗེ་འཆང་དྲག་ཤུལ་ཕྲིན་ལས་རིན་ཆེན། དཔོན་སློབ་ཡོན་ཏན་རྒྱ་མཚོ། རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་ཁོ་བོ་འཁོན་གདུང་ཨཱ་ཡུ་བཛྲ་ལའོ། ། ཡང་ན།
(ཀུན་)
གྱི་རྟགས་ཅན་གྱི་ལུང་བརྒྱུད་ལུགས་གཅིག་ལ། རྭ་འབུམ་བཟང་ཡན་གོང་ལྟར་ལ། དེ་ནས་རྭ་དཀོན་མཆོག་སེང་གེ རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། དེ་སྲས་ཤེས་རབ་སེང་གེ འཕགས་འོད་ཡོན་ཏན་རྒྱ་མཚོ། བརྩེ་ཆེན་གྲུབ་ཆེན་ཀུན་བློ། རིག་པའི་དབང་ཕྱུག་དགེ་བ་རྒྱལ་མཚན། རྗེ་རིན་ཆེན་རྣམ་རྒྱལ། མུས་ཆེན་སངས་