R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༢༡བ
[A:༣༢༡བ]ཞིང་རྒྱུད་རྒྱ་གཞུང་གི་ཁུངས་ནི་མེད་བཞིན་དུ་གསར་མ་བ་རྣམས་སྤྲོ་ན་བྱར་རུང་བའི་དམ་བཅར་སོང་བས་མ་ཐོབ་པའི་གཞུང་ཞིག་འདིར་ཤོར་བར་གདའ་འོ། །མ་གྲུབ་ན་གནད་ལ་དབབ་པའི་ཆོ་ག་ས་གསུམ་ངེས་པར་འཇོམས་པ་མེ་བྱིར་མཚུར་ཕུར་མཛད་པ། ཡང་དེ་ཉིད་དུ་མཛད་པའི་བསད་པའི་སྦྱིན་སྲེག་གི་ཆོ་ག་དུས་ཀྱི་མེ་ལྕེ་འབར་བ་ཆེན་པོའི་ཕྲེང་བ། རྩ་སྔགས་ཀྱི་འཁྲུལ་འཁོར་བྲི་བའི་ཟིན་བྲིས་བས་ཆོག་གོའི་མཐའ་ཅན། རྟོག་བདུན་འཁྲུལ་འཁོར་མཆོག་གི་མན་ངག་རྫོང་རི་རྩེ་དགུའི་མགུལ་དུ་མཛད་པ། ལས་ཀྱི་གཤིན་རྗེ་ཡབ་ཡུམ་སྦྲགས་ཏེ་སྒྲུབ་པའི་མན་ངག་དུག་ཧ་ལ་ཧ་ལ་ཆེན་པོ་ཞེས་པ་ལྷུན་གྱིས་གྲུབ་པའི་རྫོང་དུ་སྦྱར་བ་རྣམས་སོ། ། འཇིགས་བྱེད་ཀྱི་འཁྲུལ་འཁོར་གྱི་ཆོ་ག་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ། ཞེས་པ་དང་། གཏོར་མའི་ཆོ་ག་ལག་ལེན་བསོད་ནམས་ཀྱི་འོད་ཟེར་རྣམ་པར་སྤེལ་བའི་ཉི་མ་ཞེས་བྱ་བ་གཉིས་ཀྱི་ལུང་རྒྱུན་དེང་སང་མི་འདུག །གཏོར་མའི་ཆོ་ག་འདི་ལ་ཞི་རྒྱས་དབང་དྲག་གི་དྲུག་ཅུ་པའི་ཁྱད་པར་སོགས་ལེགས་བཤད་ངོ་མཚར་བ་སྣང་། འདི་ཉིད་གཤིན་རྗེ་གཤེད་སྐོར་ལ་ཤིན་