R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༢༤ན
[A:༣༢༤ན]ཨཱ་ཀ་ར། པཎྜི་ཏ་སདྱཱ་ཤྲཱི། ལོ་ཙཱ་བ་ཤྲཱི་མཱཾ་བྷོ་དྷི། རྒྱལ་ཁམས་ལོ་ཙཱ་བ་མ་ཎི་ཀ་ཤྲཱི། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎྜི་ཏ་གྲགས་པ་རྒྱལ་མཚན། འཇམ་དབྱངས་ནམ་མཁའ་བརྟན་པ། འགོས་སྟོན་རྡོ་རྗེ་སེང་གེ། ཚར་ཆེན་རྡོ་རྗེ་འཆང་ཆེན་པོ། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག་མན་འདྲའོ། །
(སྒོ)
རྟགས་ཅན་གྱི་ལུང་བརྒྱུད་ནི། རྗེ་བཙུན་སྒོ་རུམ་པ་ཆེན་པོ་ཡན་ངོར་ཆེན་བརྒྱུད་པར་བཞུགས་པའི་དབང་བརྒྱུད་ལྟར་ལས། དེ་ནས་འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག །ཐུབ་བསྟན་མཁན་ཆེན་བྱམས་པ་རབ་བརྟན། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་གྲུབ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་རྡོ་རྗེ་འཆང་ནས་རྗེས་གནང་གི་བརྒྱུད་པ་མུས་ཆེན་ཆོས་ཉིད་ཡེ་ཤེས་ཡན་གོང་བཞིན་ལ། དེ་ནས་ཞེ་དགོན་པ་བསོད་ནམས་དབང་ཕྱུག །དཔལ་ལྡན་དོན་གྲུབ། རྗེ་བླ་མ་དགེ་འདུན་རྒྱ་མཚོ། འཇམ་དབྱངས་བློ་གསལ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཕན་