R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༢༤བ
[A:༣༢༤བ]ཁང་མཁན་ཆེན་དཔལ་ལྡན་བློ་གྲོས་རྒྱལ་མཚན། རྡོ་རྗེ་འཆང་ངག་དབང་བློ་གྲོས་སྙིང་པོ། དཔལ་ས་སྐྱ་པ་ངག་དབང་དྲག་ཤུལ་ཕྲིན་ལས་རིན་ཆེན། དཔོན་སློབ་བྱམས་པ་ཡོན་ཏན་རྒྱ་མཚོ། རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་བདག་འཁོན་རིགས་ཨཱ་ཡུ་ལའོ། ། ཡང་ན། ས་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའ་བློ་གྲོས། ཞལ་དཀར་བ་ངག་དབང་ཤེས་རབ། བཀྲ་ཤིས་ཆོས་འཕེལ། སངས་རྒྱས་ཤེས་རབ། བསྟན་འཛིན་ཕུན་ཚོགས། དགེ་འདུན་རྒྱ་མཚོ་མན་འདྲ། ཉེ་བརྒྱུད་ནི། དཔལ་རྡོ་རྗེ་འཇིགས་བྱེད་ནས། རྗེ་བཙུན་སྒོ་རུམ་པ་མན་འདྲ་ཞིང་། རྗེ་དབང་རབ་ཡན་ལ་བླ་མ་བཞི་ཡོད་པས་ཨོཾ་ཨཱཿཧཱུཾ་ཧོཿཡིན་གསུངས་སོ། །ཡང་ན། མཁྱེན་བརྩེའི་ཞབས་ནས། བྱམས་པ་རབ་བརྟན། འདྲེན་མཆོག་སྙིང་རྗེ་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྡོ་རྗེ་འཆང་ངག་དབང་ཀུན་དགའ་ལྷུན་གྲུབ་མན་འདྲ།
(ཨཱེའི་)
རྟགས་ཅན་གྱི་ལུང་བརྒྱུད་ནི། གཙུག་ཏོར་འཁོར་ལོས་བསྒྱུར་བ། དཔལ་རྡོ་རྗེ་འཇིགས་བྱེད། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ། ཛྙཱ་ན་ཀ་ར་གུཔྟ། པདྨ་བཛྲ། བལ་པོ་ཐུགས་རྗེ་ཆེན་པོ། རྭ་ལོ་