R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༢༥བ
[A:༣༢༥བ]སྟོན་དབང་ཕྱུག་རྒྱལ་མཚན། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས། མཁས་པ་ཡོན་ཏན་འབུམ། བསམ་ཡས་མཆོད་རྟེན་དཀར་པོ་བ་སངས་རྒྱས་སྐྱབས། ལྷ་བསོད་ནམས་རིན་ཆེན། ཁྲོམ་ཡོན་ནམ་མཁའ་ལྷུན་བཟང་། རྗེ་དཔལ་འཛིན་བཟང་པོ། ཀུན་མཁྱེན་རྡོ་རྗེ་གདན་པ། བླ་མ་བསོད་ནམས་མཆོག་ལྡན། འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས། ཚར་ཆེན་རྡོ་རྗེ་འཆང་ཆེན་པོ་མན་འདྲའོ། །རྭ་ནུབ་པ་ལྟར་ན། རྭ་ཆོས་རབ་ནས།
རྫོང་པའི་གསན་ཡིག་ན་ཡེ་ཤེས་སེང་གེ་དང་འབུམ་སེང་གཉིས་ལ་རྭ་ཤར་པ་དང་། རྭ་ཚོ་ནུབ་པ་ཟེར་བ་འདུག །
སྲས་ཡེ་ཤེས་སེང་གེ རྭ་འབུམ་སེང་གེ རྗེ་བཙུན་རྒྭ་ལོ། མང་མཁར་བ་ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ་རྒྱལ་མཚན། ཞང་སྟོན་བསོད་ནམས་གྲགས། གཉན་སྟོན་རྡོ་རྗེ་དཔལ། ཁྲོམ་སྟོན་ནམ་མཁའ་ལྷུན་བཟང་མན་འདྲ། ༈
(མུས་)
རྟགས་ཅན་གྱི་ལུང་བརྒྱུད་ནི། འཇམ་མགོན་མཁྱེན་བརྩེ་ཡན་དབང་བརྒྱུད་ཐོག་མ་ལྟར་ལས། དེ་ནས་དྲིན་ཆེན་སྦས་པའི་རྣལ་འབྱོར། ཁྱབ་བདག་དབང་ཕྱུག་རབ་བརྟན། རྗེ་བཙུན་བཀའ་འགྱུར་བ་མན་འདྲའོ།
འབྲི་གུང་དཔལ་འཛིན་གྱི་བླ་མ་ཆོས་ལུང་མཁན་ཆེན་ཡིན།།