R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༢༥ན
[A:༣༢༥ན]ཙཱ་བ་རྡོ་རྗེ་གྲགས་པ། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང། རྒྭ་ལོ་ཡབ་སྲས་གཉིས། མཉམ་མེད་གྲགས་པ་རྒྱལ་མཚན། མཁས་གྲུབ་གཟུངས་ཀྱི་དཔལ་བ། བླ་མ་སེང་གེ་དཔལ། མཁས་གྲུབ་དགེ་བ་རྒྱལ་མཚན། རྗེ་རིན་ཆེན་རྣམ་རྒྱལ། རྗེ་སངས་རྒྱས་རིན་ཆེན། ངོར་ཆེན་ལྷ་མཆོག་སེང་གེ རྗེ་བུདྡྷ་སིཾ་ཧ། བྲང་ཏི་ནམ་མཁའ་དཔལ་བཟང་། ངག་དབང་མཆོག་ལེགས་རྡོ་རྗེ། ཡང་ན། མུས་ཆེན་སངས་རྒྱས་རིན་ཆེན་ནས། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། རྗེ་ཤར་ཁང་པ་ཤེས་རབ་རྒྱལ་མཚན། ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་མན་འདྲའོ། ། ༈ མཁན་རྟགས་ཅན་གྱི་ལུང་བརྒྱུད་པ་ནི། བོ་དོང་མཁན་ཆེན་བསླབ་གསུམ་རྒྱལ་མཚན། རྡོ་རྗེ་འཆང་དབང་རབ་མན་འདྲའོ། ། ༈
(࿅)
རྟགས་ཅན་གྱི་ལུང་བརྒྱུད་གཅིག་ལ། རྭ་ཤར་པ་ལྟར་ན། རྭ་ཆོས་རབ་ནས། དེ་སྲས་དྷརྨ་སེང་གེ
རྫོང་ཆུང་བའི་གསན་ཡིན་ན་རྦ་དྷརྨ་སེང་གེ རྭ་དཀོན་མཆོག་སེང་གེ་ཤེས་རབ་རྒྱལ་མཚན་གསུམ་ལ་རྭ་ནུབ་པ། རྭ་ཚོ་ཤར་པ་ཡིན་ཟེར་འདུག །
རྭ་ཤེས་རབ་རྒྱལ་མཚན། རྒྱ་