R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༢༦བ
[A:༣༢༦བ]ཚར་ཆེན་རྡོ་རྗེ་འཆང་། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག །མཐུ་སྟོབས་དབང་ཕྱུག་དགོན་གསར་བ་བསོད་ནམས་ཆོས་འཕེལ། ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་མགོན་པོ་བསོད་ནམས་མཆོག་ལྡན། མཁན་ཆེན་ངག་དབང་རྣམ་རྒྱལ། མཁན་ཆེན་བཟང་པོ་རྒྱལ་མཚན། རྨོར་ཆེན་ཀུན་དགའ་ལྷུན་གྲུབ་མན་འདྲའོ། །ལུང་དེ་རྣམས་ནི་རྡོ་རྗེ་འཆང་ཀརྨ་རཏྣའི་གསན་ཡིག་ལྟར་བྲིས་པ་ཡིན་ཅིང་། རྗེ་བླ་མས་དཔལ་པོད་ཀྱི་ལུང་ཡབ་རྗེ་ངག་དབང་ཀུན་དགའ་རིན་ཆེན་ནས་ཀྱང་གསན་པའི་བརྒྱུད་པ། རྡོ་རྗེ་འཆང་དྲག་ཤུལ་ཕྲིན་ལས་རིན་ཆེན་ནས། ཡབ་རྗེ་མཆོག་དང་། རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་ཁོ་བོ་ལའོ། །ཡེ་ན་སྤྲུལ་སྐུ་ནས་ཀྱང་འཇིགས་བྱེད་པོད་ལུང་རྣམས་གསུངས་སོ། ། ༒ བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་རྣལ་འབྱོར་བླ་མེད་དང་རྗེས་སུ་འབྲེལ་བའི་སྙན་བརྒྱུད་གི་གདམས་པ་རྒྱ་མཚོ་ལྟ་བུར་བཞུགས་པའི་ནང་ནས་གཙོ་བོར་གྱུར་པ་ས་སྐྱའི་ལྕགས་རི་ལས་མི་འདའ་བའི་གསེར་ཆོས་བཅུ་གསུམ་དུ་གྲགས་པའི་ནང་ནས་མཆོག་བསྒྲུབས་པས་ཐུན་མོང་ཞར་ལ་འབྱུང་