R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༢༧ན
[A:༣༢༧ན]བ་དམར་མོ་སྐོར་གསུམ་ལས། རྗེ་ནཱ་རོ་ཏ་པས་རྒྱ་བོད་ཀྱི་སློབ་མ་གཞན་སུ་ལའང་མིང་ཙམ་ཡང་མ་གསུངས་པར་བལ་པོ་ཕམ་མཐིང་པ་སྐུ་མཆེད་ཁོ་ནར་གསུངས་པའི་གདམས་པ་ཟབ་མོ་ནཱ་རོ་མཁའ་སྤྱོད་དུ་གྲགས་པའི་ཟབ་ཆོས་ཚད་མ་བཞི་ལྡན་གསང་ཆེན་སློབ་བཤད་པའི་ལུགས་བཞིན་ནོས་པ་ལས། བྱིན་རླབས་ཐུན་མོང་མ་ཡིན་པའི་ཡིག་ཆ་དང་། བརྒྱུད་པ་རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན་བསྣན་པ་མ་གཏོགས་གཞན་གོང་མཁན་ཆེན་རྡོ་རྗེ་འཆང་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ་ལས་ཐོབ་པ་བཞིན་ལ། རྩ་དབུ་མའི་ཁྲིད་ཀྱིས་ཆོས་ཉིད་དངོས་སུ་སྟོན་པ་དེ་ཁོ་ན་ཉིད་བརྡ་ཆོས་ཀྱི་བྱིན་རླབས་ཀྱིས་སྨིན་པར་བྱས་ནས། ༈ ལུང་གི་སྐོར་ལ། ཐོག་མར་རྩ་བ་ལྟ་བུར་གྱུར་པ་ཇོ་བོ་ནཱ་རོ་ཏ་པས་མཛད་པའི་སྒྲུབ་ཐབས་རྗེ་ས་ཆེན་གྱི་གསུངས་
(ས)
མཆན་དང་བཅས་པ། ༈ དེའི་གསལ་བྱེད་རྗེ་ས་ཆེན་གྱིས་མཛད་པའི་སྒྲུབ་ཐབས་དོན་བཅུ་གཅིག་ངེས་པར་བྱ་བ།
(ས)
༈ སྤྱོད་ལམ་གྱི་རྣལ་འབྱོར་ལས་འཕྲོས་པའི་ཕྱི་མཆོད་མདོར་བསྡུས་བྱ་བའི་ཚུལ། ༈ བསྐྱེད་པའི་རིམ་པའི་ཆ་