R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༣༠བ
[A:༣༣༠བ]ཡུམ་ཞལ་སྦྱོར་དང་། ཡུམ་རྐྱང་ལ་བརྟེན་པའི་འཕོ་བ་གསེར་ཆོས་མལ་ལོ་ཙཱ་བའི་མན་ངག་ས་ཆེན་གྱིས་མཛད་པ། ༈ དེའི་གསལ་བྱེད་ཡབ་དང་ཐུན་མོང་བ་དང་ཡུམ་གྱི་ཐུན་མོང་མ་ཡིན་པའི་འཕོ་བ་ཚར་པ་རྡོ་རྗེ་འཆང་གིས་མཛད་པ། ༈ ཡང་སྔ་མ་
(ས)
དང་འདྲ་མིན་གང་གི་ཁྱོད་ཞབས་མལ་ལོ་ཙཱ་བའི་གསེར་ཆོས། ༈ མཁའ་སྤྱོད་སྒྲུབ་པའི་གསེར་ཆོས་ཤིན་ཏུ་ཟབ་
(དྷི)
པའི་ཆིག་བརྒྱུད་མ་ཚར་པ་རྡོ་རྗེ་འཆང་གིས་འཕན་ཡུལ་ཨོ་ཌི་ཡ་ནའི་གཞིས་ཀར་མཛད་པ། ༈ མཁའ་སྤྱོད་ཞལ་བཟང་ལྟ་བའི་སྨོན་ལམ་
(དྷི)
ཚར་ཆེན་གྱིས་མཛད་པ། རྡོ་རྗེ་རྣལ་འབྱོར་མའི་བཀྲ་ཤིས་དགེ་ལེགས་ཀྱི་དཔལ་སྟེར་
(ཨེདྷི)
བྱམས་པ་ཆོས་ལེགས་ཀྱི་མཛད་པ་རྣམས། ༈ གཉིས་པ་རྩ་དབུ་མ་ཆེ་བའི་ཁྲིད་ལ།
འདི་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་གསུང་རབ་ཡིན།
རྗེ་བཙུན་ཆོས་རྗེ་མདོ་ཁམས་གཡར་མོ་ཐང་གི་སྟོན་པ་
(ཨེདྷི)
གཞོན་ནུའི་དོན་དུ་མཛད་པ་རྩ་དབུ་མའི་མན་ངག ། ༈ རྫོགས་རིམ་རྩ་དབུ་མའི་
(ཨེདྷི)
ཁྲིད་ཀྱི་གསལ་བྱེད། ཞར་བྱུང་ཆོས་ཉིད་དངོས་སྟོན་གྱི་ལག་ལེན་དང་བཅས་པ་ཡར་ཀླུང་པ་སེང་གེ་རྒྱལ་མཚན་གྱིས་མཛད་པ། ༈ ཤིན་ཏུ་ཟབ་པའི་རྩ་དབུ་མའི་ཁྲིད་
(དྷི)
ཀྱི་རིམ་པ་ཚར་པ་རྡོ་རྗེ་འཆང་གི་