R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༣༡ན
[A:༣༣༡ན]གསུང་རྒྱུན་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་ཟིན་བྲིས་སུ་མཛད་པ། ཡབ་དང་ཐུན་མོང་བའི་རླུང་དབུ་མར་བསྡུ་བའི་དམིགས་པ་རྗེ་བཙུན་ཡུམ་རྐྱང་གི་རླུང་སེམས་དབུ་མར་བསྡུ་ཚུལ་གྱི་དམིགས་རིམ་དཔལ་ས་སྐྱ་པ་འཇམ་མགོན་བསོད་ནམས་དབང་ཕྱུག་གི་གསུང་རྒྱུན་ཟིན་བྲིས་རྣམས་ལེགས་པར་ཐོབ་པ་ལས།
(སའི)
རྟགས་ཅན་དང་།
(དྷིའི)
རྟགས་ཅན་གྱི་ལུང་ཐོབ་པའི་བརྒྱུད་པ་ནི། ཚར་ཆེན་ཡན་གོང་བྱིན་རླབས་རྩ་བའི་བརྒྱུད་པ་དང་འདྲ་བ་ལས། དེ་ནས། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་དང་། ཀླུ་སྒྲུབ་རྒྱ་མཚོ་གཉིས་ཀྱི་གསན། མཁྱེན་བརྩེའི་ཞབས་ནས། རྗེ་དབང་རབ། མགོན་པོ་བསོད་ནམས་མཆོག་ལྡན། བྱམས་པ་ངག་དབང་རྣམ་རྒྱལ། ངག་དབང་བསོད་ནམས་བསོད་ནམས་དབང་ཕྱུག །ངག་དབང་ཀུན་དགའ་བཀྲ་ཤིས། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། ཁྱབ་བདག་གནས་གསར་བ། ངག་དབང་བློ་གསལ་ཕུན་ཚོགས། ངག་དབང་ཀུན་དགའ་མཁྱེན་རབ། གཟིམས་འོག་བསྟན་འཛིན་ཕྲིན་ལས། བྱམས་པ་ཕྲིན་ལས་ཡོན་ཏན། ངག་དབང་བསྟན་འཛིན་སྙན་གྲགས། ངག་དབང་བློ་ལྡན་སྙན་གྲགས། རྗེ་