[A:༣༣༢ན]ངོར་ཆེན་རྡོ་རྗེ་འཆང་། མུས་ཆེན་འཁོར་ལོ་སྡོམ་པ། ཞྭ་ལུ་བ་སངས་རྒྱས་དཔལ་བཟང་པོ། མཁས་གྲུབ་དཔལ་ལྡན་རྒྱལ་པོ། མཁས་པ་བཟང་པོ་དཔལ་བ། མུས་ཆེན་ནམ་མཁའ་དབང་ཕྱུག །འཇམ་དབྱངས་ཀུན་དགའ་ལེགས་གྲུབ། བྱམས་པ་ཀུན་དགའ་ཆོས་གྲགས། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། ཀུན་དགའ་ལེགས་པའི་འབྱུང་གནས། ངག་དབང་བློ་གསལ་ཕུན་ཚོགས། ཁྲི་ཆེན་ངག་དབང་ཀུན་མཁྱེན། རིག་འཛིན་ཕྱོགས་ལས་རྣམ་རྒྱལ། བྱམས་པ་ཕྲིན་ལས་ཡོན་ཏན། ངག་དབང་བསྟན་འཛིན་སྙན་གྲགས། སྙན་གྲགས་བློ་ལྡན་དབང་ཕྱུག་མན་འདྲ། ཆོས་ཉིད་དངོས་བསྟན་གྱི་བྱིན་རླབས་ཀྱི་བརྒྱུད་པ་ནི། ངག་དབང་བསྟན་འཛིན་སྙན་གྲགས་ཡན་གོང་ལྟར་ལ། དེ་ནས། གྲུབ་དབང་བསྟན་འཛིན་ཤེས་རབ། མཚམས་པ་ཤེར་རབ་ཆོས་འཕེལ། གཟིམས་འོག་མཆོག་སྤྲུལ། རྗེ་བཙུན་པདྨ་ཕྲིན་ལས་མན་གོང་འདྲ། ཡང་ན། རབ་དཀར་བསྟན་འཛིན་ཤེས་རབ་ཀྱིས་རྗེ་མཆོག་གསུམ་བསྟན་པའི་