R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༣༢བ
[A:༣༣༢བ]སྒྲོན་མེ་ལས་གསན་འདྲ། དེ་ཡན། བརྒྱུད་པ་སླར་བཙལ།
(བྷ)
འི་རྟགས་ཅན་གྱི་བརྒྱུད་པ་ནི། ཀུན་མཁྱེན་བསོད་ནམས་སེང་གེ མུས་ཆེན་སངས་རྒྱས་རིན་ཆེན། དཀོན་མཆོག་ལྷུན་གྲུབ། ཐར་རྩེ་པན་ཆེན། ཤར་ཆེན་ཀུན་དགའ་བཀྲ་ཤིས། ངག་དབང་བསྟན་པའི་རྡོ་རྗེ། ཁྲི་ཆེན་བསོད་ནམས་བསྟན་འཛིན་དབང་པོ། མཁན་ཆེན་བཟང་པོ་རྒྱལ་མཚན། རྨོར་ཆེན་མན་རིག་འཛིན་རྗེ་ནས་བརྒྱུད་པ་དང་འདྲ།
(ཤྲཱི)
འི་རྟགས་ཅན་གྱི་བརྒྱུད་པ་ནི། སྔགས་འཆང་གཟུངས་ཀྱི་དཔལ་བ། བླ་མ་དཔལ་ལྡན་ཚུལ་ཁྲིམས་ནས། རིག་འཛིན་ཕྱོགས་ལས་རྣམ་རྒྱལ་གྱི་བར་གོང་འདྲ།
(ཨེ)
སྐོར་རྟགས་ཅན་རྣམས་ཀྱི་བརྒྱུད་པ་ནི། ངོར་ཆེན་རྡོ་རྗེ་འཆང་། མུས་ཆེན། གླང་ཐང་སྤྱན་སྔ་ཤཱཀྱ་རྒྱལ་མཚན། ཀུན་མཁྱེན་ཤཱཀྱ་དོན་གྲུབ་མན་རིག་འཛིན་རྗེ་ནས་བརྒྱུད་པ་དང་འདྲ།
(ལྕགས)
རྟགས་ཅན་གྱི་ལུང་བརྒྱུད་ནི། གྲོལ་མཆོག་ནས། ངག་དབང་ཉི་ཟླ་བཟང་པོ། རྗེ་བཙུན་ངག་དབང་ཉི་མ། ལྕགས་ཟམ་པ་ཀུན་དགའ་བསོད་ནམས་དབང་ཕྱུག། ཞྭ་ལུ་མཁན་ཆེན། མཁྱེན་རབ་བྱམས་པ། རྨོར་ཆེན་མན་རིག་འཛིན་རྗེ་ནས་བརྒྱུད་