R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༣༦ན
[A:༣༣༦ན]བློ་གྲོས་རིན་ཆེན། དེ་ལས་སོ། ། ༈ རྒྱལ་པོ་ཨིནྡྲ་བྷཱུ་ཏིས་ལེགས་པར་བཀྲལ་བའི་ཨིནྡྲ་མཁའ་སྤྱོད་དམ། ཕག་མོ་ཞལ་གཉིས་མ་དང་བཅོམ་ལྡན་འདས་མ་བདེན་གཉིས་ཞལ་དུ་གྲགས་པའི་སྐོར་ལ། མི་དབང་ཆོས་གསུམ་གྱི་དང་པོ་རྡོ་རྗེ་རྣལ་འབྱོར་ཞལ་གཉིས་མའི་སྒྲུབ་ཐབས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་མི་དབང་ཨིནྡྲྲ་བྷཱུ་ཏིས་མཛད་པ་རྒྱ་གར་གྱི་མཁན་པོ་དཔལ་ན་ལེནྡཔ་དང་། ལོ་ཙཱ་པྲཛྙཱ་ཀཱི་རྟིས་བསྒྱུར་བ། གཉིས་པ། དེས་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལ་བརྟེན་ནས་མཛད་པའི་དཔལ་རྡོ་རྗེ་རྣལ་འབྱོར་མའི་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་རང་བྱིན་བརླབས་པའི་རིམ་པ་སློབ་མ་ཡེ་ཤེས་རྡོ་རྗེས་བསྒྱུར་བ། གསུམ་པ། ཕག་མོའི་ལས་བཅུ་ཞེས་པའི་བསྙེན་པའི་ཆོ་ག །གཞོན་དོན་སློབ་མ་རྗེས་སུ་བཟུང་བ། ཚེས་བཅུ་དང་འབྲེལ་བའི་ཚོགས་མཆོད། བདག་གཞན་གཉིས་ཀ་དང་འབྲེལ་བ་གཞོན་ནུ་མའི་མཆོད་པ། གནས་སྐབས་ཐམས་ཅད་དང་འབྲེལ་བའི་གཏོར་མའི་ཆོ་ག །དམན་པའི་དུར་ཁྲོད་དང་འབྲེལ་བའི་སྦྱིན་སྲེག་གི་ཆོ་ག །བུ་ཆུང་གསར་བུ་ལ་ཕན་འདོགས་པ་སྲུང་བའི་འཁོར་ལོ། རྩུབ་