[A:༣༣༥བ]གྲུབ་ཉི་མ། མཁན་ཆེན་དཀོན་མཆོག་རྒྱལ་མཚན། དཀོན་མཆོག་བསྟན་པ་རབ་རྒྱས། ཀུན་གཟིགས་མཁྱེན་བརྩེ་མན་འདྲ། ཡང་ཞི་བ་ལྷས་མཛད་པའི་ནཱ་རོ་མཁའ་སྤྱོད་མའི་གཅོད་ཡུལ་གདམས་པ་མཁའ་འགྲོའི་སྙིང་བཅུད་ཀྱི་ལུང་བརྒྱུད་ནི། མཛད་པ་པོ་ནས། ཀུན་རྡོར་སྤྲུལ་སྐུ་ཕྱོགས་ལས་རྣམ་རྒྱལ། ཆབ་མདོ་སློབ་ཟུར་འཕགས་པ་མཆོག་དགའ། མང་ཐོས་དོན་གྲུབ་རྒྱལ་མཚན། ཀུན་གཟིགས་མཁྱེན་བརྩེ་མན་འདྲ།
བློ་གསལ་བསྟན་སྐྱོང་གིས་མཛད་པའི་མཁའ་སྤྱོད་མའི་བྱིན་རླབས་བྱ་ཚུལ་བདེ་ཆེན་སྤྲིན་སྒྲའི་ལུང་ཐོབ་པའི་བརྒྱུད་པ་ནི། མཛད་པ་པོ་ནས། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་མན་འདྲ། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་ནཱ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་སྙན་བརྒྱུད་ཡི་གེར་བཀོད་པ་མཁའ་སྤྱོད་བགྲོད་པའི་ལམ་བཟང་ཞེས་བྱ་བའི་ལུང་ཐོབ་པའི་བརྒྱུད་པ་ནི། མཛད་པ་པོ་ནས། རྡོར་འཛིན་ངག་དབང་བློ་གྲོས་སྙིང་པོ། བྱམས་པ་སྙན་གྲགས་ཐར་པ། གཟིམ་འོག་བྱམས་པ་ཀུན་དགའ་བསྟན་འཛིན། འཆི་མེད་པདྨ་ཕྲིན་ལས། བླ་མ་དགེ་འདུན་བཟང་པོ། རྗེ་ངག་དབང་བློ་