R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༣༧ན
[A:༣༣༧ན]གཉིས་མའི་འདི་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མཛད་པ་འདྲ་ཡང་ཞེས་ཡོད་པའི་བྱིན་རླབས་ཀྱི་ཡི་གེ་ཀུན་མཁྱེན་གུང་རུས་མཛད་པ་རྡོ་རྗེ་འཆང་ཀུན་ཏུ་བཟང་པོའི་མཐའ་ཅན། པཎྜི་ཏ་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་སྒྲུབ་ཐབས་བྱིན་རླབས་དང་བཅས་པའི་ཆོ་ག་གོ་བདེ་བཀླགས་ཆོག་ཏུ་བཀོད་པ་རྣམས་ཐོབ་པ་ལས། ལུང་སྐོར་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་ཕག་མོ། གྲུབ་ཆེན་ལ་བ་པ། རྒྱལ་པོ་ཨིནྡྲ་བྷཱུ་ཏི། ལྕམ་ལཀྵྨཱི་ཀ་ར།
ཟུར་ཆག་ལ་ལེགས་སྨིན་ཟེར།
བྲམ་ཟེ་བིརྺ་པ། གྲུབ་ཆེན་ཤ་བ་རི་པ། མཻ་ཏྲི་པ། རྒྱ་གར་ཕྱག་ན་རྡོ་རྗེ། བལ་པོ་བྷ་རེནྦྲ་རུ་ཙེ།
ཧ་དུ་དཀར་པོ་ཡང་ཟེར།
བལ་པོ་ཡེ་ཤེས་རྡོ་རྗེ། རྗེ་ས་སྐྱ་པ་ཆེན་པོ། རྗེ་བཙུན་སྐུ་མཆེད། ཆོས་རྗེ་ཁུ་དབོན། ཞང་དཀོན་མཆོག་དབལ། གྲུབ་ཆེན་བྲག་ཕུག་པ། ཆོས་རྗེ་བླ་མ་དམ་པ། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། ཀྭནྟིང་གུ་ཤྲཱི་ནམ་མཁའ་བཟང་པོ། ཉི་ལྡི་བ་ངག་དབང་གྲགས་པ། རྒྱ་གར་བ་ཤེས་རབ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་། རྗེ་བཙུན་རྡོ་རིངས་པ། ཚར་པ་ཆོས་རྗེ། འཇམ་དབྱངས་མཁྱེན་བརྩེ། དབང་ཕྱུག་རབ་བརྟན། མགོན་པོ་བསོད་