[A:༣༣༧བ]ནམས་མཆོག་ལྡན། མངོན་དགའ་ཆོས་རྗེ་རིན་ཆེན་རྒྱ་མཚོ། མང་ཐོས་ཕྱོགས་ལས་རྣམ་རྒྱལ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། སྐྱེ་མདའ་བ་བསོད་ནམས་དབང་ཕྱུག །སློབ་དཔོན་ངག་དབང་བསྟན་འཛིན། སྐྱོ་མདའ་སྤྲུལ་སྐུ་ཀུན་དགའ་བསོད་ནམས། མང་ཐོས་ཀུན་དགའ་ཡེ་ཤེས། བྱམས་པ་ཕྲིན་ལས་ཡོན་ཏན། ཀུན་གཟིགས་ཡ་ཤའི་མཚན་ཅན། བྱམས་པ་ངག་དབང་ཀླུ་སྒྲུབ། རྡོར་འཛིན་སྙན་གྲགས་ཐར་པ། མཆོག་སྤྲུལ་བྱམས་པ་ཀུན་དགའ་བསྟན་འཛིན། རྗེ་བཙུན་འཆི་མེད་པདྨ་ཕྲིན་ལས། བླ་མ་རིན་པོ་ཆེ་དགེ་འདུན་བཟང་པོ། རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་ཁོ་བོ་ཐེག་ཆེན་དཔལ་འབར་ལ་དགྱེས་པས་བསྩལ་པའོ། །ཉེ་བརྒྱུད་ནི། རྗེ་བཙུན་རྡོ་རྗེ་ཕག་མོ། བལ་པོ་བྷ་རེནྡྲ་རུ་ཙེ། བལ་པོ་ཡེ་ཤེས་རྡོ་རྗེ་མན་འདྲ།
༈ སྒྱུ་འཕྲུལ་དྲྭ་བ་ཆེན་མོ་རལ་པ་གྱེན་བརྫེས་ཀྱི་རྒྱུད་ལ་བརྟེན་ནས་སློབ་དཔོན་མཻ་ཏྲི་པས་ལེགས་པར་བཀྲལ་བའི་རྡོ་རྗེ་རྣལ་འབྱོར་མ་རིག་པ་འཛིན་པ་རྩེ་ན་མ་འམ། མཻ་ཏྲི་མཁའ་སྤྱོད་དུ་གྲགས་པའི་སྐོར་ལ། སྒྲུ་འཕྲུལ་ཆེན་མོ་རལ་པ་གྱེན་བརྫེས་ཀྱི་རྒྱུད་ལས་ཕྱུང་བའི་རིག་པ་འཛིན་མ་རྡོ་རྗེ་རྣལ་